89745

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤེར་ཕྱིན་མཚན་ཉིད་པ་དང་བཏགས་པ་བ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། སློབ་དཔོན་ལྟར་ན། གཞུང་དང་ལམ་གཉིས་ནི་ཤེར་ཕྱིན་བཏགས་པ་བ་སྟེ། ཤེར་ཕྱིན་ཐོབ་བྱེད་ཡིན་པའི་ཕྱིར་འབྲས་བུའི་མིང་རྒྱུ་ལ་བཏགས་པའོ། །ཞེས་ཀུན་མཁྱེན་རོང་སྟོན་ཆེན་པོའི་ཟབ་དོན་གནད་ཀྱི་ཟླ་འོད་ལས་སོ། ། སྐབས་འདིའི་ཤེར་ཕྱིན་ལ་ཤེར་ཕྱིན་མཚན་ཉིད་པ་དང་བཏགས་པ་བ་གཉིས་ལས། དང་པོ་ནི། རྣམ་མཁྱེན་དང་འབྲས་བུ་ཆོས་སྐུས་བསྡུས་པའི་མངོན་པར་རྟོགས་པ་རྣམས་ཡིན་ལ། ཕྱི་མ་ནི་མངོན་པར་རྟོགས་པ་གཞན་དྲུག་དང་གཞུང་ཤེར་ཕྱིན་ནོ། །ཞེས་དང། མཚན་ཉིད་ནི། ཆོས་རབ་རྣམ་འབྱེད་ཀྱི་བློ་གང་ཞིག ། སྲིད་ཞིའི་ཕ་རོལ་ཏུ་སོན་པ་སྟེ། འགྲེལ་ཆེན་ལས། སངས་རྒྱས་བཅོམ་ལྡན་འདས་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་སྒྱུ་མ་ལྟ་བུ་ནི་དངོས་ཡིན་ལ། དེ་ཐོབ་པ་དང་རྗེས་སུ་མཐུན་པ་ཉིད་ཀྱིས་ན་ཚིག་དང་ངག་གི་ཚོགས་ཀྱི་གཞུང་དང། མཐོང་བ་ལ་སོགས་པ་མཚན་ཉིད་ཅན་གྱི་ལམ་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་བཏགས་པའོ། །ཞེས་ཀུན་མཁྱེན་གོ་རམས་པའི་ཡུམ་དོན་རབ་གསལ་ལས་གསུངས་སོ། །
Domain ཆོས་ལུགས།