89756

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤེལ་ག་བུར་ (1)
Part of speech མིང་ཚིག
Definition ལོ་མང་སྐྱེ་བའི་རྒྱུན་ལྗང་ཤིང་སྡོང་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། ལོ་མ་ལྗང་སྨུག་མཐུག་ལ་རྒྱབ་སྐྱ་ཅན་རེ་རེས་མོས་སུ་སྐྱེ་བ་དང༌། མེ་ཏོག་ཞིབ་མོ་ལྗང་དཀར་རམ་སེར་སྐྱ་འཆར་ཞིང་འབྲས་བུ་སྨུག་ནག་འདོགས་པ་སྟེ། ཤིང་སྡོང་ཡོངས་ལ་ག་བུར་གྱི་དྲི་མནམ་པ། སྐྱེ་གནས་འབྲི་ཆུའི་ལྷོ་རྒྱུད་ཀྱི་ས་གནས་ཁག་ཏུ་འདེབས་འཛུགས་བྱས་ནས་ཐོན་སྐྱེད་བྱེད་ཀྱི་ཡོད། རྩ་བ་དང་ཡལ་ག་ལོ་མ་བཅས་གང་རིགས་ཞིབ་མོར་གཙབ་ནས་བཙོས་རྗེས་རླངས་ཆུ་བླངས་ལ་གྲང་རྗེས་ག་བུར་ཞུན་ཆགས་སུ་འོང་བ་དང༌། དེའང་ལོ་མང་ཕྱིན་པའི་སྡོང་རྒན་ལ་བབ་ཡོང་ཆེ་བ་དང༌། ན་གཞོན་པའི་ཤིང་ཕྲན་ལ་བབ་ཚད་ཉུང་བ། ཞུན་ཆགས་བྱས་པའི་དངོས་པོ་སླར་ཡང་ལས་སྣོན་བྱས་ནས་བྱུང་བ་ཁ་དོག་དཀར་པོའམ་དྭངས་ཤིང་མཁྲེགས་ལ་འཁྱགས་པའི་དུམ་བུ་འདྲ་བ་ཡོད་པ་དེ་ཡིན། རོ་ཁ་ཞིང་ཚ་ལ་བསྐ་བ། ཞུ་རྗེས་ཁ་བ། ནུས་པ་ཤིན་ཏུ་བསིལ་བའོ། །ཕན་ནུས་ཚ་བ་རྒྱས་ཚད་ཐོག་བབས་པ་ལྟར་འཕྲལ་དུ་གསོད་ཅིང༌། ཡུན་ལོན་པའི་རྙིངས་ཤིང་རྩི་ལྟར་ལུས་ལ་ཞེན་པའི་ཚ་བ་རྩད་ནས་འབྱིན་པར་བྱེད་པ་དང༌། ཟུངས་བཟང་དར་མའི་ཚད་མ་སྟོབས་ཆེན་རྣམས་འཇོམས་པར་བྱེད་པ་ཡིན།