89757

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤེལ་གོང་ཤེལ་ཕྲེང་ (1)
Part of speech མིང་ཚིག
Definition བདུད་ནད་གཞོམ་པའི་གཉེན་པོ་རྩི་སྨན་གྱི་ནུས་པ་རྐྱང་བཤད་གསལ་སྟོན་དྲི་མེད་ཤེལ་གོང་དང༌། བདུད་རྩི་སྨན་གྱི་རྣམ་དབྱེ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་དང་གཉིས་ཏེ། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་དུས་རབས་བཅུ་བདུན་པའི་ནང་མཛད། ཤེལ་གོང་ནང་སྨན་སྣ་དགུ་བརྒྱ་དང་བཅོ་ལྔ་ཡི་ནུས་པ་རྐྱང་སེལ་བཤད་དེ་རྩ་བ་ལྟ་བུ་ཚིགས་བཅད་དུ་མཛད་པ་དང༌། ཤེལ་ཕྲེང་ནང་སྨན་དེ་དག་གི་ནང་གསེས་དབྱེ་བ་ཉིས་སྟོང་ཉིས་བརྒྱ་གོ་བཞིའི་ངོ་བོ། ནུས་པ། མིང་གི་རྣམ་གྲངས་བཅས་རྒྱས་པར་ཚིག་ལྷུག་ཏུ་འགྲེལ་བའི་སྨན་གཞུང་ཚད་ལྡན་ཞིག