89760

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤེལ་ཏ་ (1)
Part of speech མིང་ཚིག
Definition ཐང་མ་སྒྲོན་ཤིང་གི་ཐང་ཆུ་བསགས་པ་ལས་བྱུང་བ་དེར་ཤེལ་ཏ་ཟེར་བ་ཡིན་ཏེ་ཐང་ཆུ་བྱུང་བའི་ཤིང་ལ་དྲི་ངན་ཡོད་མེད་གཉིས་ལས་མེད་པ་ལས་བྱུང་བ་དགོས། དུས་ངེས་མེད་ལ་ལེན་པའམ་དེང་དུས་ཚོང་དུ་འོང་བའི་ཤེལ་ཏ་ཞེས་པ་ཤིན་ཏུ་དྭངས་པ་ཤེལ་རྡོ་འདྲ་བ་སེར་ཉམས་ཅན། དྲི་ཞིམ་པ་མེར་བསྲེག་ན་དུ་བ་ཁམ་སེར་ཉམས་ཅན། དྲི་ཞིམ་པ་མེར་བསྲེག་ན་དུ་བ་ཁམ་སེར་སེར་འཐུལ་བ། རོལ་མོ་མཁན་གྱི་པི་ཝང་གི་རྒྱུད་ཐག་ལ་བྱུགས་པ་ཡིན་ཏེ། བོད་ཀྱི་ཉིང་ཁྲི་དང༌། སྨན་གླིང༌། སྤོ་ཡུལ། མཚོ་སྣ། སྐྱིད་གྲོང༌། རྫ་ཡུལ་སོགས་ཀྱི་ནགས་ཁུལ་དུ་སྐྱེ་བ་མང༌། དུས་ངེས་མེད་ལ་ལེན་ནས་ཧམ་རུལ་སོགས་མ་ཤོར་བར་ཉར་ཚགས་བྱས་རྗེས་དགོས་དུས་སྤྱོད་རྒྱུ། རོ་བསྐ་ལ་མངར་བ། ཞུ་རྗེས་ཁ་བ། ནུས་པ་ཚ་ལ་སྐམ་པས་ལྷ་བ་འཛིན་པ་དང༌། རུས་པ་ཆག་པ་སྦྱོར་བ། ཡན་ལག་གི་ཆུ་སེར་སྐེམ་པར་བྱེད་པ་ཡིན།
ཤེལ་ཏ་ (2)
Part of speech མིང་ཚིག
Definition རིན་པོ་ཆེ་ཞིག
ཤེལ་ཏ་ (3)
Part of speech མིང་ཚིག
Definition ན་གིའི་མིང༌སྟེ། ལུས་ལ་སེན་མོའི་དབྱིབས་ཅན་གྱི་དངོས་པོ་ཞིག་ཁྱབ་པར་སྐྱེས་ཡོད་པའི་སྲོག་ཆགས་སུག་བཞི་བ་ཞིག