89766

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤེལ་ཕྲེང་བྱ་རྒོད་སུག་པ་ (1)
Part of speech མིང་ཚིག
Definition བྱ་རྒོད་སུག་པའམ་གངས་ལྷ་མེ་ཏོག ལོ་གཉིས་རེར་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་ཕྲ་ལ་ཅུང་རིང་བའི་ཕྱི་པགས་རྫ་མདོག་ནང་སྐྱ་ཞིང་རྩྭ་ཕྲན་རྒྱུས་པ་འདྲ་བ་ཐར་ཐོར་ཡོད་པ་དང༌། སྡོང་པོ་གཞི་རྩ་ནས་སྐྱེས་པ་དེ་རིམ་བཞིན་སྦོམ་དུ་སོང་བ་ཁོང་སྟོང་ཡལ་ག་མེད་པ་འདྲོང་པོར་སྐྱེས་ལ་རིང་ཐུང་སྐྱེ་གནས་ཀྱི་དབང་གིས་ངེས་གཏན་མེད་པ། ལོ་མ་སྔོ་སྐྱ་ཉག་ཅན་སྒྲོ་དབྱིབས་རེ་རེས་མོས་སུ་སྐྱེ་ཞིང༌། སྡོང་པོའི་སྟོད་ཀྱི་ལོ་མ་ཁ་སྤྲོད་དུ་སྐྱེ་ཞིང་ངར་པ་ཐུང་ལ་ཚགས་དམ་པོ་ཡོད་པ། ལོ་མ་དང་སྡོང་པོ་ཡོངས་སུ་སྤུ་དཀར་འཇམ་རིང་སྲིན་བལ་འདྲ་བས་བཏུམ་པ། མེ་ཏོག་རྒྱ་སྨུག་ཆུང་ལ་མང་བ་གདུགས་འཁྱིལ་མེ་ཏོག་ཚགས་དམ་པ་སྡོང་པོའི་རྩེར་མཉམ་དུ་རུབ་ནས་འཆར་བ་དང༌། གསར་དུ་སྐྱེས་པའི་བྱ་རྒོད་སུག་པ་ལ་ལོ་དེར་སྡོང་པོ་དང་མེ་ཏོག་མེད་ཅིང༌། ལོ་མ་འཇམ་ལ་སྤུ་དཀར་ཅན་པདྨ་ལྟར་སྐྱེ་བ་སྟེ། རང་ལྗོངས་ཀྱི་ས་གནས་ཕལ་ཆེ་བའི་རི་མཐོའི་གཡའ་བྲག་དང༌། རྫ་གསེབ་ཏུ་སྐྱེ་བ། ལོ་སྡོང་བོད་ཟླ་དྲུག་པ་བདུན་པའི་ནང་བཏུས་ཏེ་གཙང་མར་བཀྲུས་རྗེས་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་ཁ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བས་མགོ་བོར་རྨ་བཟོས་པ་དང༌། ལྷོག་པའི་ནད། ཚད་པའི་ནད་ཀྱིས་ཟུག་གཟེར་གཏོང་བ། གྲུམ་བུ་དང་ཆུ་སེར་གྱི་ནད་ལ་ཕན་པ་ཡིན།