89787
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཧ་གོ་བའམ། རྟོགས་པ་དང་ཁོང་དུ་ཆུད་པའི་དོན། |
Keyword | True |
Example | སྙན་ངག་འབྲི་ཤེས་པ། བྱ་བ་སྒྲུབ་དགོས་པ་དང་མི་དགོས་པའི་དབྱེ་བ་ཤེས་པ་ཞེས་པ་ལྟ་བུ། |
{{#arraymap:ཤེས་པ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | གསལ་ཞིང་རིག་པའམ་བློ་སྟེ། |
Example | ཡིད་ཀྱི་ཤེས་པ། དབང་པོའི་ཤེས་པ། ཤེས་པའི་རང་བཞིན་ཞེས་པ་ལྟ་བུ། |
Domain | ཚད་མ། |
{{#arraymap:ཤེས་པ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | རྒྱ་གར་གྱི་གྲངས་ཅན་པའི་ལུགས་ཀྱི་ཤེས་བྱ་ཉེར་ལྔའི་ཡ་གྱལ་ཞིག |
{{#arraymap:ཤེས་པ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | མདོ། མངོན་པ། བཟོད་པ་རྣམས་ཞེས་དང་། ཤེས་པ། ཞེས་དང་། ཡང་དག་པའི་ཤེས་པ། ཞེས་བཤད་ན་དེ་རྣམས་ཀྱི་ཁྱད་པར་ཇི་ལྟ་བུ་ཞེ་ན། དེ་དག་གི་ཁྱད་པར་གཞག་ཏུ་ཡོད་དེ། དྲི་མེད་མཐོང་ལམ་བཟོད་པ་བརྒྱད་ནི་ངེས་ཤེས་མ་ཡིན་ཞིང་། བཟོད་པ་ཁོ་ན་ཡིན། ཟད་མི་སྐྱེ་ཤེས་པའི་ཡེ་ཤེས་ནི་ལྟ་བ་མིན་ཅིང་ཡང་དག་པའི་ཤེས་པ་ཁོ་ན་ཡིན། ཟད་མི་སྐྱེ་ཤེས་པའི་ཡེ་ཤེས་ལ་གནས་པའི་ཟག་མེད་ཀྱི་ཤེས་རབ་ནི་ཡང་དག་པའི་ལྟ་བ་དང་ཡང་དག་པའི་ཤེས་པ་གཉིས་ཀ་ཡིན། དེ་རྣམས་ལས་གཞན་འཇིག་རྟེན་པའི་ཤེས་རབ་ཐམས་ཅད་ཤེས་པ་ཁོ་ན་ཡིན། ལྟ་བ་ཉོན་མོངས་ཅན་ལྔ་དང་། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་སྟེ། དྲུག་ནི་ཤེས་པ་ཡིན་པར་མ་ཟད་ལྟ་བའང་ཡིན་པའི་ཕྱིར། འོ་ན། སྐབས་འདིར་བསྟན་གྱི་ཤེས་པ་ལ་དབྱེ་ན་དུ་ཡོད། དེ་རྣམས་བསྡུ་ན་དུ་རུ་བསྡུ་ཞེ་ན། དང་པོ་ནི། སྐབས་འདིར་བསྟན་གྱི་ཤེས་པ་ལ་དབྱེ་ན་བཅུ་ཡོད་དེ། དེ་ལ། དེ་ལྟར་ན་དེ་དག་ནི་ཤེས་པ་བཅུ་ཡིན་ཏེ། འདི་ལྟ་སྟེ། ཆོས་ཤེས་དང་། རྗེས་སུ་ཤེས་པ་དང་། ཀུན་རྫོབ་ཤེས་པ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་ཤེས་པ་དང་། འགོག་པ་ཤེས་པ་དང་། ལམ་ཤེས་པ་དང་། ཟད་པ་ཤེས་པ་དང་། མི་སྐྱེ་ཤེས་པའོ། །ཞེས་གསུངས་པ་ལྟར་ཡོད་པའི་ཕྱིར། དེ་རྣམས་བསྡུ་ན་གཉིས་སུ་འདུ་སྟེ། ཟག་བཅས་ཀྱི་ཤེས་པ་དང་། ཟག་མེད་ཀྱི་ཤེས་པ་གཉིས་སུ་འདུ་བའི་ཕྱིར་དང་། དང་པོ་རང་ཡུལ་ཀུན་རྫོབ་ལ་དམིགས་པས་ཀུན་རྫོབ་ཀྱི་ཤེས་པར་འཇོག་པའི་ཕྱིར། གཉིས་པ་ཟག་མེད་ཀྱི་ཤེས་པ་ཡང་གཉིས་སུ་འདུ་སྟེ། ཆོས་ཤེས་དང་རྗེས་ཤེས་གཉིས་སུ་འདུ་བ་ཡིན་པའི་ཕྱིར། དེ་གཉིས་ཀྱི་ཁྱད་པར་ཡོད་དེ། སྡུག་བསྔལ་ཤེས་སོ། །ཀུན་འབྱུང་སྤངས་སོ། །འགོག་པ་མངོན་དུ་བྱས་སོ། །ལམ་བསྒོམས་སོ་རྣམས་ཤེས་པ་ནི་ཟད་པ་ཤེས་པ་དང་། སྡུག་བསྔལ་ཡོངས་སུ་ཤེས་ཏེ་ཡང་ཡོངས་སུ་ཤེས་པར་བྱར་མེད་དོ་ལ་སོགས་པ་ཤེས་པ་ནི་མི་སྐྱེ་བ་ཤེས་པ་ཡིན་པའི་ཕྱིར། འོ་ན་ཤེས་པ་ལ་བཅུར་ངེས་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། ཤེས་པ་ལ་བཅུར་ངེས་པ་ཡིན་ཏེ། ཡུལ་ཕལ་ཆེར་ཀུན་རྫོབ་ཡིན་པས་དེ་ཤེས་པའི་ཆ་ནས་ཀུན་རྫོབ་ཤེས་པ་བཞག འདོད་པའི་གཉེན་པོར་ཆོས་ཤེས་དང་། ཁམས་གོང་གི་གཉེན་པོར་རྗེས་ཤེས་བཞག རྣམ་པ་ལས་ཀུན་འབྱུང་ཤེས་པ་དང་། རྣམ་པ་དང་སྤྱོད་ཡུལ་གཉིས་ཀ་ལས་འགོག་ལམ་ཤེས་པ་དང་། སྦྱོར་བ་བྱས་པ་ལས་ཕ་རོལ་གྱི་སེམས་ཤེས་པ་དང་། བྱ་བ་བྱས་པ་ལས་ཟད་པ་ཤེས་པ་དང་། རྒྱུ་རྒྱས་པ་ལས་མི་སྐྱེ་བ་ཤེས་པ་བཞག་པ་བཞིན་ཡིན་པའི་ཕྱིར་ཏེ། རང་འགྲེལ་ལས། རྒྱུ་བདུན་གྱིས་ཤེས་པ་བཅུར་རྣམ་པར་གཞག་གོ ཞེས་སོགས་གསུངས་པའི་ཕྱིར། འོ་ན་རྗེས་ཤེས་ཀྱིས་ཀྱང་འདོད་པའི་གཉེན་པོ་བྱེད་པ་སྲིད་དམ་ཞེ་ན། མི་སྲིད་དེ། ཆོས་ཤེས་མ་སྐྱེས་བར་དུ་རྗེས་ཤེས་མི་སྐྱེ། ཆོས་ཤེས་སྐྱེས་པའི་ཚེ་དེས་འདོད་པ་ལས་རྒྱལ་ཟིན་པའི་ཕྱིར། |
Domain | ཆོས་ལུགས། |
{{#arraymap:ཤེས་པ་
|; |@@@ | | }}