89790

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤེས་པ་གསུམ་ (1)
Part of speech མིང་ཚིག
Definition མདོ། མངོན་པ་ཀུན་བཏུས་ཀྱི་རྣམ་གྲངས་སྣ་ཚོགས་ལས་བྱུང་བ་སྟེ། དབང་གི་ཤེས་པ། ལྷག་མཐོང་གི་ཤེས་པ། རྣམ་པར་མི་རྟོག་པའི་ཤེས་པའོ། །
Domain ཆོས་ལུགས།
ཤེས་པ་གསུམ་ (2)
Part of speech མིང་ཚིག
Definition སྔགས། རྫོགས་ཆེན། ཤེས་པ་གསུམ་ནི། ཉི་ཟླ་འབར་བའི་སྒྲོན་མ་ལས། ཤེས་པ་ནི་གཞི་དངོས་མེད་དུ་ཤེས། འཁྲུལ་པ་སྐྱེ་མེད་དུ་ངོ་ཤེས། འཁྲུལ་སྣང་རང་གྲོལ་དུ་ངོ་ཤེས། ཞེས་དང་།
ཤེས་པ་གསུམ་ (3)
Part of speech མིང་ཚིག
Definition ཤེས་པ་ནི་གསུམ་སྟེ། གཞི་སྐྱེ་མེད་དུ་ངོ་ཤེས། རྩལ་ཀ་དག་ཏུ་ངོ་ཤེས། འཁྲུལ་གཞི་འཁྲུལ་པ་དངོས་མེད་དབྱེར་མེད་དུ་ངོ་ཤེས་རྩད་ཆོད་རྩིས་གདབ་མེད་པ།
ཤེས་པ་གསུམ་ (4)
Part of speech མིང་ཚིག
Definition ཟང་ཀ་རྣལ་མ། སོ་མ་ལྷུག་པ། གསལ་དག་རང་གྲོལ་ལོ། །མེད་ལ་ཀུན་འབྱུང་བ་ངང་དྭངས་ཀློང་ཐིམ་མོ། །བྱར་མེད་བློ་འདས་སྔ་མ་ཉིད་དུ་ངོ་ཤེས་པའོ། །ཞེས་གསུངས་སོ། །