89811

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤེས་པ་མཐོང་བར་འགྱུར་བའི་ཏིང་ངེ་འཛིན་སྒོམ་པ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ཏིང་ངེ་འཛིན་སྒོམ་པ་བཞིའི་ནང་གསེས་ཤིག་སྟེ། སེར་སྨད་རྒྱལ་དབང་མཛོད་ལས། འཆི་འཕོ་བ་དང་སྐྱེ་བ་ཤེས་པའི་མངོན་ཤེས་དང་རྗེས་སུ་མཐུན་པའི་ལྷའི་མིག་གི་མངོན་ཤེས་དང༌། དེའི་རྗེས་སུ་བྱུང་བའི་ཡིད་ཤེས་དང་མཚུངས་ལྡན་གྱི་ཤེས་རབ་གཉིས་ནི་འདིའི་དངོས་བསྟན་གྱི་ཤེས་པ་མཐོང་བར་འགྱུར་བའི་ཏིང་ངེ་འཛིན་ཏེ། དེ་ལ་ཡང་ནང་བསྲེས་ཞིབ་ཏུ་ཕྱེ་ན་སྐྱེ་བ་ཤེས་པར་འགྱུར་བ་དང༌། སྐྱེ་བ་མཐོང་བར་འགྱུར་བ་གཉིས་ལས། དང་པོ་ནི། ལྷའི་མིག་གི་མངོན་ཤེས་ཀྱི་རྗེས་སུ་བྱུང་བའི་ཡིད་ཤེས་དང་མཚུངས་ལྡན་གྱི་ཤེས་རབ་རྟོག་བཅས་ལ་བྱེད་པ་ཡིན། གཉིས་པ་ནི། མིག་གི་རྣམ་ཤེས་དང་མཚུངས་ལྡན་གྱི་ཤེས་རབ་རྟོག་མེད་ལ་ཕྱེད་པ་ཡིན་ལ། འོན་ཀྱང་མདོ་ལས་ནི་ལྷའི་མིག་གི་མངོན་ཤེས་ཉིད་ཤེས་པ་མཐོང་འགྱུར་གྱི་ཏིང་ངེ་འཛིན་དུ་བཤད་པས་ན། གོང་གི་དེ་གཉིས་ཆར་དངོས་བསྟན་གྱི་ཤེས་པ་མཐོང་འགྱུར་ཀྱི་ཏིང་ངེ་འཛིན་དུ་འདོད་ན་འགལ་བ་མེད་དོ། །ཞེས་གསུངས།
Domain ཆོས་ལུགས།

{{#arraymap:ཤེས་པ་མཐོང་བར་འགྱུར་བའི་ཏིང་ངེ་འཛིན་སྒོམ་པ་

|; |@@@ | | }}