89836

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤེས་པའི་སྲིད་མཐའ་ལ་མི་གནས་པའི་ལམ་ཤེས་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཤེས་རབ་ཀྱི་སྟོབས་ཀྱིས་སྲིད་མཐའ་འགོག་པར་བྱེད་པའི་བྱང་སེམས་ཀྱི་ལམ་ཤེས་ཞིག་ལ་འཇོག མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་མཐའ་དཔྱོད་སྨད་ཆ་ལས། ཀུན་རྫོབ་ལ་ལྟོས་ཏེ་སྲིད་མཐའ་འགོག་བྱེད་ཀྱི་རིགས་སུ་གནས་པའི་ཐེག་ཆེན་འཕགས་པའི་མཁྱེན་པ། ཤེས་པས་སྲིད་མཐའ་ལ་མི་གནས་པའི་ལམ་ཤེས་ཀྱི་མཚན་ཉིད། དབྱེ་ན་མཐོང་སྒོམ་མི་སློབ་ལམ་གསུམ་ཡོད། ས་མཚམས་ས་དང་པོ་ནས་སངས་རྒྱས་ཀྱི་སའི་བར་ན་ཡོད།
Domain ཆོས་ལུགས།
ཤེས་པའི་སྲིད་མཐའ་ལ་མི་གནས་པའི་ལམ་ཤེས་ (2)
Part of speech མིང་ཚིག
Definition སྲིད་མཐའ་འགོག་བྱེད་ཀྱི་རྟོགས་རིགས་སུ་གནས་པའི་ཐེག་ཆེན་འཕགས་པའི་མངོན་རྟོགས་དེ། ཤེས་པས་སྲིད་ལ་མི་གནས་པའི་ལམ་ཤེས་ཀྱི་མཚན་ཉིད་ཡིན། བྱང་འཕགས་ཀྱི་རྒྱུད་ཀྱི་མི་རྟག་ལ་སོགས་བཅུ་དྲུག་རྟོགས་པའི་མཁྱེན་པ་དེ་དེའི་མཚན་གཞི་ཡིན།