89838
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | དགག་གཞི་དང་། དགག་བྱའི་ཆོས་གཉིས་ཤེས་པའི་ངོ་བོར་གནས་ཤིང་དེ་གཉིས་གནོད་མེད་དུ་ལྷན་ཅིག་ཏུ་མི་གནས་པར་སྒྲུབ་པ་ཞིག འདིའི་མཚན་གཞི་ནི། བཤེས་གཉེན་ཆེན་པོ་ཚུལ་ཁྲིམས་རྣམ་རྒྱལ་གྱི་རྟགས་རིགས་ལས། གང་ཟག་གི་བདག་འཛིན་གྱི་དངོས་གཉེན་དུ་གྱུར་པའི་ཉན་ཐོས་སྒོམ་ལམ་བར་ཆད་མེད་ལམ་ཆོས་ཅན། གང་ཟག་གི་བདག་འཛིན་དང་གནོད་མེད་དུ་ལྷན་ཅིག་ཏུ་མི་གནས་ཏེ། གང་ཟག་གི་བདག་འཛིན་གྱི་དངོས་གཉེན་ཡིན་པའི་ཕྱིར། ཞེས་བཀོད་པའི་ཚེ་ན་དེ་ལྟ་བུའོ། ། |
| Domain | ཚད་མ། |