89842
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། ཟག་བཅས་ཀྱི་ཕུང་པོ་ལྔ་ལ་སོགས་མི་སྤང་བར་ལྷ་དང་གཞལ་ཡས་ཀྱི་རང་བཞིན་དུ་ཤེས་པར་བྱ་ཞིང་དེ་ཉིད་ལས་མི་འདའ་བ་བསྲུང་བར་བཅས་པ་དེ་ཉིད་ཡིན་ལ། དེ་ཡང་ལྷ་དང་ལྷ་མོ་སོགས་ཀྱི་རང་བཞིན་དུ་ཤེས་པར་བྱ་བ་ལ་ལྔ་སྟེ། འགུ་ཡ་ལས། ཤེས་པར་བྱ་བའི་དམ་ཚིག་ལྔ། ཕུང་པོ་༡འབྱུང་བ་༢ཁ་དོག་༣དང་། ཡུལ་༤དང་དབང་པོ་༥ལྔ་ཉིད་ནི། བོན་རྣམས་ཐམས་ཅད་སངས་རྒྱས་ཀྱི། །རང་བཞིན་ཡིན་པར་ཤེས་པར་བྱ། །ཞེས་པས། དེ་ཡང་འཇིག་རྟེན་ཐ་མལ་བའི་སྣང་ཞེན་ལྡོག་པའི་ཕྱིར་དུ་གཞིའི་རོལ་པའམ་དག་སྣང་ལ་ཕུང་པོ་ལྔ་ཡབ་ལྔ་འབྱུང་བ་ཡུམ་ལྔ་སོགས་སུ་ཤེས་པར་བྱ་ཞིང་བསྒོམ་པ་དེ་དག་གོ ། |
| Domain | ཆོས་ལུགས། |