89851

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤེས་བཞིན་དུ་རྫུན་དུ་སྨྲ་བའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། གླེང་གཞི་ལ་གཉིས་ལས། བྱུང་ལ་མ་བཅས་པའི་གླེང་གཞི་ནི། སྒྲ་གཅན་ཟིན་གྱིས་ཤེས་བཞིན་དུ་རྫུན་དུ་སྨྲས་པའི་བྱུང་བ་སྟེ་བཅས་པ་མ་མཛད་དོ། །བྱུང་ལ་བཅས་པའི་གླེང་གཞི་ནི་མཉན་ཡོད་དུ་ཤཱཀྱའི་བུ་དགེ་སློང་ལག་བརྒྱུད་ཀྱིས་ཤེས་བཞིན་དུ་རྫུན་དུ་སྨྲས་པ་ལས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི་གཞན་བསླུས་པའི་སྒོ་ནས་གཞན་ལ་གནོད་པའོ། །ངོ་ཏི་ནི་བཅས་ལྡན་དགེ་སློང་གིས་རྫུན་བཞི་ལས་གཞན་པ་ཤེས་བཞིན་གྱིས་རྫུན་ངག་ཏུ་སྨྲས་ཏེ་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །ཡན་ལག་ལ་བཞི་ལས། དང་པོ་གཞིའི་ཡན་ལག་ལ་གཉིས་ལས། གང་ལ་སྨྲ་བའི་ཡུལ་ནི། སྔར་ཐ་སྙད་ལྔ་དང་ལྡན། ལུས་ཐ་མལ་པར་གནས། བདག་ལས་ཐ་དད་པ་སྟེ། མི་ཆོས་བླ་མའི་སྐབས་སུ་བཤད་པ་དང་འདྲའོ། །གང་སྨྲ་བའི་དངོས་པོ་ནི། རྫུན་བཞི་ལས་གཞན་པའི་རྫུན་དུ་སྨྲ་བ་སྟེ་དེ་གཉིས་དང་ཕམ་ལྷག་ཏུ་གྱུར་པ་གཉིས་ལས་གཞན་པའི་རྫུན་དུ་སྨྲ་བའོ་ཞེས་སོ། །བསམ་པའི་ཡན་ལག་ལ་གཉིས་ལས། འདུ་ཤེས་ནི་གཞིའི་ཡན་ལག་དེ་དག་ལ་མ་འཁྲུལ་བ་སྟེ། དེ་ཡང་ངེས་པའི་འདུ་ཤེས་སམ། རང་གི་གཞིའི་རྣམ་པར་མ་དོར་བའི་འཛིན་པའི་ཡིད་གཉིས་ཀྱང་རུང་སྟེ། ཊཱི་ཀ་ལས་ཡིད་གཉིས་ཟ་བའི་འདུ་ཤེས་ཀྱི་སྤྱད་ན་ཞེས་སོ། །ཀུན་སློང་ནི་ཤེས་བཞིན་གྱིས་རྫུན་སྨྲ་བར་འདོད་པ་རྒྱུན་མ་ཆད་པའོ། །སྦྱོར་བ་ནི་ངག་མཚན་ཉིད་ལྔ་ལྡན་གྱིས་ཤེས་བཞིན་རྫུན་སྨྲ་བར་ཞུགས་པའོ། །མཐར་ཐུག་ནི་ཉན་པ་པོས་དོན་གོ་བའོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། ། གཞུང་ལས་དེ་གཉིས་དང། ཕམ་པར་འགྱུར་བ་དང། དགེ་འདུན་ལྷག་མར་གྱུར་པ་གཉིས་ལས་གཞན་པའི་རྫུན་དུ་སྨྲ་བའོ། །ཞེས་གསུངས་པས་བསྟན། ངོ་བོ་ནི་ཕམ་པ་ལྷག་མ་སྦོམ་པོ་ཉེས་བྱས་དང་བཞི་པོ་གང་རུང་མ་ཡིན་པར་གྱུར་པའི་དགེ་སློང་གིས་རྫུན་སྨྲ་བའི་བཅས་པའི་ཁ་ན་མ་ཐོ་དེ་ཡིན་ནོ། །ཕམ་པར་གྱུར་པའི་རྫུན་ནི། རྫུན་སྨྲ་བའི་ཕམ་པ་ལྟ་བུའོ། །དགེ་འདུན་ལྷག་མར་གྱུར་པའི་ནི་བསྙེན་བཀུར་བསྔགས་པ་དང། གཞི་མེད་ཀྱི་ལྷག་མའོ། །སྦོམ་པོར་གྱུར་པའི་ནི། དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་དགེ་འདུན་གྱི་དབུས་སུ་ཆོས་མ་ཡིན་པ་ཆོས་སུ་དང་ཆོས་ཆོས་མ་ཡིན་པར་སྨྲ་བའི་རྫུན་གྱི་བཅས་པའི་ཁ་ན་མ་ཐོ་བ་རྣམས་སོ། །ཉེས་བྱས་སུ་གྱུར་པའི་རྫུན་ནི། གསོ་སྦྱོང་གི་དུས་སུ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ། ཞེས་ལན་གསུམ་དུ་དྲིས་པ་ལས་ཅང་མི་སྨྲ་བས་འདའ་བར་བྱེད་པའི་ཁ་ན་མ་ཐོ་བ་ལྟ་བུའོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།