89854

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤེས་བཞིན་མ་ཡིན་པ་ (1)
Part of speech མིང་ཚིག
Definition མངོན་པ། ཤེས་བཞིན་མ་ཡིན་པ་ཞེས་པ་ནི། ཤེས་བཞིན་གྱི་མི་མཐུན་ཕྱོགས་སྒོ་གསུམ་གྱི་སྤྱོད་པ་ལ་མི་ཤེས་བཞིན་དུ་འཇུག་པའི་ཤེས་རབ་ཉོན་མོངས་ཅན་ཞིག་ལ་ཟེར། དེ་ལྟར་ཡང། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་མངོན་པ་ཀུན་བཏུས་ལས། ཤེས་བཞིན་མ་ཡིན་པ་གང་ཞེ་ན། ཉོན་མོངས་པ་དང་མཚུངས་པར་ལྡན་པའི་ཤེས་རབ་སྟེ། དེས་ལུས་དང། ངག་དང། སེམས་ཀྱི་སྤྱོད་པ་ལ་མི་ཤེས་བཞིན་དུ་འཇུག་པ་སྟེ། ལྟུང་བའི་རྟེན་བྱེད་པའི་ལས་ཅན་ནོ་ཞེས་གསུངས།
Domain ཆོས་ལུགས།