89857

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤེས་བཞིན་སོགས་ཀྱི་སྡེ་ཚན་བཅུ་ (1)
Part of speech མིང་ཚིག
Definition ལྟུང་བྱེད་འབའ་ཞིག་པ་དགུ་བཅུའི་ནང་གསེས་ཤིག་སྟེ། བཅུ་ཚན་དང་པོ་ཤེས་བཞིན་གྱི་སྡེ་ཚན་ལ་རྫུན་སྨྲ་བའི་ལྟུང་བྱེད་དང༌། སྐྱོན་བརྗོད་པའི་ལྟུང་བྱེད། ཕྲ་མ་བྱེད་པའི་ལྟུང་བྱེད། སྐྱོན་སྔོགས་བྱེད་པའི་ལྟུང་བྱེད། བུད་མེད་ལ་ཆོས་སྟོན་པའི་ལྟུང་བྱེད། བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་འདོན་པའི་ལྟུང་བྱེད། གནས་ངན་ལེན་བརྗོད་པའི་ལྟུང་བྱེད། མི་ཆོས་བླ་མ་བདེན་པར་སྨྲ་བའི་ལྟུང་བྱེད། བཤེས་ངོར་འཕྱས་པའི་ལྟུང་བྱེད། བསླབ་གཞི། ཁྱད་གསོད་ཀྱི་ལྟུང་བྱེད་དེ་བཅུའོ། །
Domain ཆོས་ལུགས།