89858
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | བདེན་པ་མངོན་སུམ་དུ་མཐོང་བའི་ལམ་གྱི་བཟོད་པ་བརྒྱད་དང་ཤེས་པ་བརྒྱད་དེ། མཐོང་ལམ་གྱི་གནས་སྐབས་སུ་སྐྱེས་པའི་རྟོགས་པའི་ཁྱད་པར་ཞིག དེའང་སྡུག་བསྔལ་དང་། ཀུན་འབྱུང་། འགོག་པ། ལམ་བཅས་བདེན་པ་བཞི་པོ་རེ་རེ་ལ་ཆོས་བཟོད། ཆོས་ཤེས། རྗེས་བཟོད། རྗེས་ཤེས་བཅས་བཞི་རེ་སྦྱར་བས་སྐད་ཅིག་མ་བཅུ་དྲུག་གོ ༡ ཆོས་བཟོད་ནི། ཆོས་ལ་རྟོགས་པའི་བཟོད་པ་སྟེ། སྦྱོར་ལམ་ཆོས་ལ་བདེན་བཞི་ཇི་ལྟ་བ་བཞིན་མཐོངས་བས་མཐོང་སྤངས་ཀྱི་གཉེན་པོ་བར་ཆད་མེད་ལམ་གྱི་ཡེ་ཤེས། དཔེར་ན་སྡུག་བསྔལ་ཆོས་བཟོད་ནི། འདོད་པའི་ཁམས་ཀྱི་སྡུག་བསྔལ་ལ་དམིགས་ཏེ་སྡུག་བདེན་གྱི་ཆོས་རང་དང་སྤྱིའི་མཚན་ཉིད་ཇི་ལྟ་བ་བཞིན་མཐོང་ནས་རང་གི་ངོ་སྐལ་གྱི་སྤངས་བྱར་གྱུར་པའི་འདོད་པའི་སས་བསྡུས་པའི་སྡུག་བསྔལ་མཐོང་སྤངས་སྤོང་བར་མི་སྐྲག་པའི་བཟོད་པ་ཐོབ་པའོ། བདེན་པ་ལྷག་མ་གསུམ་ལའང་དེ་བཞིན་དུ་སྦྱར་ན་འགྲིག། ༢ ཆོས་ཤེས་ནི། འདོད་ཁམས་ཀྱིས་བསྡུས་པའི་ཆོས་ལ་བདེན་བཞི་ཇི་ལྟ་བ་བཞིན་མཐོང་བས་མཐོང་སྤངས་ཏེ་བྲལ་འབྲས་ཉམས་སུ་མྱོང་བའི་རྣམ་གྲོལ་ལམ་གྱི་ཡེ་ཤེས། |
Example | སྡུག་བསྔལ་རྗེས་ཤེས་ནི། སྡུག་བསྔལ་རྗེས་བཟོད་ཀྱི་མཇུག་ཐོག་ཏུ་ཁམས་གོང་མ་གཉིས་ཀྱི་སྡུག་བདེན་ལ་དམིགས་ནས་སྤང་བྱ་སྤངས་པའི་མཐོང་ལམ་རྣམ་གྲོལ་ལམ་གྱི་ཡེ་ཤེས། དེས་གཞན་གསུམ་ལའང་རིགས་འགྲེའོ། །མཐོང་ལམ་བར་ཆད་མེད་ལམ་དང་བཟོད་པ་བརྒྱད་དོན་གཅིག། རྣམ་གྲོལ་ལམ་དང་ཤེས་པ་བརྒྱད་དོན་གཅིག་ཡིན། བཟོད་པ་བརྒྱད་གང་རུང་རང་རྒྱུད་ལ་སྐྱེ་སྐབས་ངོ་སྐལ་གྱི་སྤང་བྱ་སྤོང་བ་ཙམ་ཡིན་པས་རྐུན་པོ་ཕྱིར་འབྱིན་པ་དང་མཚུངས། ཤེས་པ་བརྒྱད་པོ་གང་རུང་རང་རྒྱུད་ལ་སྐྱེ་སྐབས་ངོ་སྐལ་གྱི་སྤང་བྱ་དེ་སྤངས་པའི་བྲལ་འབྲས་ཐོབ་པས་སྒོ་འཕར་གཅོད་པ་དང་མཚུངས་སོ། །འདིར་སྐད་ཅིག་མ་ཞེས་པ་ནི་ལམ་དེ་དང་དེའི་ཤེས་པ་སྐྱེ་བའི་བྱ་བ་རྫོགས་པ་ལ་སྐད་ཅིག་མ་བྱས་པས་བྱ་རྫོགས་ཀྱི་སྐད་ཅིག་མའོ། ། |
Domain | ཆོས་ལུགས། |
{{#arraymap:ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་
|; |@@@ | | }}