89870

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤེས་བྱ་ཉེར་ལྔ་ (1)
Part of speech མིང་ཚིག
Definition ལྟ་གྲུབ། མུ་སྟེགས་གྲངས་ཅན་པའི་འདོད་པ་སྟེ། ༡ བདག་ཤེས་རིག་གི་སྐྱེས་བུ། ༢ གཙོ་བོ། ༣ ཆེན་པོ། ༤ ང་རྒྱལ། ༥ དེ་ཙམ་ལྔ་སྟེ། གཟུགས། ༦ སྒྲ། ༧ དྲི། ༨ རོ། ༩ རེག་བྱ། ༡༠ དབང་པོ་བཅུ་གཅིག་སྟེ། རྣ་བ། ༡༡ པགས་པ། ༡༢ མིག ༡༣ ལྕེ། ༡༤ སྣ་སྟེ་ནང་གི་དབང་པོ་ལྔ། ཕྱིའི་དབང་པོ་ལྔ་ནི། ལག་པ། ༡༥ རྐང་པ། ༡༦ འཕོངས། ༡༧ འདོམས། ༡༨ ངག་དང་ལྔ། ༡༩ ཡིད་དབང༌། ༢༠ བདག ༢༡ འབྱུང་བ་ལྔ་སྟེ། ནམ་མཁའ། ༢༢ ས། ༢༣ ཆུ། ༢༤ མེ། ༢༥ རླུང་བཅས་སོ། །
Domain ཆོས་ལུགས།
ཤེས་བྱ་ཉེར་ལྔ་ (2)
Part of speech མིང་ཚིག
Definition མྱ་ངན་ལས་འདས་པ་ཆེན་པོའི་མདོ་དང་། རྔ་བོ་ཆེའི་མདོ་དང་དཔལ་འཕྲེང་གིས་ཞུས་པའི་མདོ་སྡེ་དེ་རྣམས་ཀྱིས་བསྟན་པའི་ཤེས་བྱ་ཉེར་ལྔ་ནི། ཕུང་ཁམས་སྐྱེ་མཆེད་གསུམ། གཟུགས་ཕུང་ལ་ཡང་འབྱུང་བའི་ཁམས་དང། སྣོད་ཀྱི་འཇིག་རྟེན་དང། བཅུད་ཀྱི་སེམས་ཅན་དང་གསུམ། ཡིད་ཀྱི་སྐྱེ་མཆེད་ཡང་སེམས་དང། ཡིད་དང། རྣམ་པར་ཤེས་པ་དང་གསུམ། ཆོས་ཁམས་ལ་ཡང་མཚན་གཞིའི་ཆོས་དང། མཚན་ཉིད་ཆོས་དང། དངོས་མེད་ཀྱི་ཆོས་དང་གསུམ། མཚན་གཞི་ལ་ཡང་ཚོར་ཕུང་དང། འདུ་ཤེས་དང། འདུ་བྱེད་དང་གསུམ། མཚན་ཉིད་ལ་ཡང་ཡུལ་ལ་བཏགས་པ་དང། དུས་ལ་བཏགས་པ་དང། དངོས་ལ་བཏགས་པ་དང་གསུམ། དངོས་མེད་ལ་ཡང་དངོས་པོ་གཞན་འགྱུར་གྱི་དངོས་མེད་དང། དངོས་པོ་ལ་བརྟེན་པའི་དངོས་མེད་དང། མི་སྲིད་པའི་དངོས་མེད་དང་གསུམ་སྟེ་གཞིའིི་ཆོས་ཉེར་གཅིག་དང། ལམ་ལ་ཐུན་མོང་གི་ལམ་དང། ཐུན་མོང་མ་ཡིན་པའི་ལམ་དང། རྒྱལ་བའི་གནས་སུ་བགྲོད་བྱེད་ཀྱི་ལམ་གསུམ་དང། འབྲས་བུ་འདུས་མ་བྱས་ཆོས་དབྱིངས་དོན་དམ་གཅིག་པུ་སྟེ་ཤེས་བྱ་ལ་སྲིད་པའི་ཆོས་ཡིན་ཚད་མདོ་ཙམ་དུ་བསྡུས་པ་ཉི་ཤུ་རྩ་ལྔའོ། །འདུས་བྱས་ཉེར་བཞི་འདུས་མ་བྱས་གཅིག་ཉིད་དེ། སྲིད་ཚད་མདོ་ཙམ་བསྡུས་པ་ཉི་ཤུ་ལྔ། ཞེས་འབྱུང་ངོ་། །