89873
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཐེག་པའི་སྒོ་ཀུན་ལས་བཏུས་པ་གསུང་རབ་རིན་པོ་ཆེའི་མཛོད་བསླབ་པ་གསུམ་ལེགས་པར་སྟོན་པའི་བསྟན་བཅོས་ཤེས་བྱ་ཀུན་ཁྱབ་ཅེས་བྱ་བ། གདུལ་ཞིང་སྣོད་བཅུད་འཇིག་རྟེན་རྒྱུ་བཅས་དང༌། འདུལ་བྱེད་སྟོན་པ་ཇི་ལྟར་བྱོན་ཚུལ་དང༌། བསྟན་པ་དམ་པའི་ཆོས་ཀྱི་རྣམ་གཞག་དང༌། མདོ་སྔགས་རིག་གནས་དར་ཚུལ་ཆོས་འབྱུང་དང༌། ལྷག་པའི་ཚུལ་ཁྲིམས་ཀྱི་སྡོམ་གསུམ་རྣམ་དབྱེ་དང༌། རིག་གནས་ཐེག་པ་ལ་སོགས་ཐོས་པ་དང༌། བསམ་པས་ལྷག་པའི་ཤེས་རབ་སྐྱེད་ཚུལ་དང༌། སྒོམ་པས་ལྷག་པའི་ཏིང་འཛིན་སྒྲུབ་ཚུལ་དང༌། ཉམས་སུ་བླངས་པས་ས་ལམ་བགྲོད་ཚུལ་དང༌། མཐར་ཐུག་རྣམ་པར་གྲོལ་བའི་འབྲས་བུ་སྟེ། གནས་བཅུ་དང་སྐབས་བཞི་བཅུའི་བདག་ཉིད་ཅན་གྱི་རྩ་འགྲེལ་གཉིས་ལྡན་གླེགས་བམ་གསུམ་ཡོད་པ་འདི་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་རབ་བྱུང་བཅུ་བཞི་པའི་ཤིང་བྱི་ལོར་བརྩམས་པའོ། ། |