89878

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤེས་བྱ་སྤྱི་ལྡོག་ (1)
Part of speech མིང་ཚིག
Definition ཤེས་བྱ་སྤྱི་ལྡོག་ཅེས་པའི་རྒྱུ་མཚན་ནི། ཤེས་བྱ་ལ་རང་སྤྱི་གཉིས་སུ་ཡོད་པ་དེ་བྱེ་བྲག་ཕྱེ་ནས་སོ་སོར་བཤད་པ་ལྟ་བུ་མ་ཡིན་གྱི། ཡུལ་ཤེས་བྱ་རང་ངོས་ནས་སྣང་ཡུལ་གཟུང་ཡུལ་སོགས་ཀྱི་རྣམ་གཞག་ལ་འཁྲུལ་པ་འགོག་པ་དང་། རང་ལུགས་ཡུལ་སོ་སོའི་འཇོག་ཚུལ་དང་གཟུང་ཡུལ་ལ་འཕྲོས། མདོ་སེམས་ཀྱི་གྲུབ་མཐའི་ཁྱད་པར་ཕྱེ་སྟེ་ཡུལ་སྤྱི་ལྡོག་ནས་བཤད་པ་ལ་ཤེས་བྱ་སྤྱི་ལྡོག་ཅེས་བྱའོ། །རིགས་གཏེར་ལས་ཤེས་བྱ་སྤྱི་ལྡོག་ཐོག་མར་བསྟན་པའི་དགོས་པ་ནི། ཚད་མ་རིགས་གཏེར་གྱི་བསྟན་བཅོས་འདིའི་བརྗོད་བྱ་གཙོ་བོ་ཤེས་བྱེད་ཚད་མའི་རང་བཞིན་ཡིན་ཀྱང་། ཤེས་བྱ་སྤྱི་ལྡོག་སྔོན་ལ་བཤད་པ་ལ་སྐྱོན་མེད་ཅིང་རྒྱུ་མཚན་ཡོད་པ་ཡིན་ཏེ། ཡུལ་ཤེས་བྱའི་རྣམ་གཞག་ཐོག་མར་བཤད་ནས། དེ་བདེ་བླག་ཏུ་རྟོགས་པས་ན་ད་གཟོད་ཤེས་བྱེད་ཀྱི་ཚད་མའི་རང་བཞིན་ལ་ངེས་པ་རྙེད་སླ་ཞིང་ཚད་མ་ཉིད་བྱེ་བྲག་ཏུ་བཤད་པས་ཆོག་པ་ཡིན་པའི་ཕྱིར་རོ། །ཞེས་མཁན་ཆེན་ངག་ཆོས་ཀྱི་ལེགས་བཤད་དཔལ་སྟེེར་ལས་སོ། །
Domain ཚད་མ།