89881

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤེས་བྱའི་མཚན་ཉིད་གསུམ་ (1)
Part of speech མིང་ཚིག
Definition ཐེག་པ་ཆེན་པོ་བསྡུས་པ་ལས་བྱུང་བ་སྟེ། ༡ གཞན་གྱི་དབང་གི་མཚན་ཉིད་ནི། གང་ཀུན་གཞི་རྣམ་པའི་ས་བོན་ཅན་ཡང་དག་པ་མ་ཡིན་པ་ཀུན་རྟོག་པས་བསྡུས་པའི་རྣམ་པར་རིག་པའོ། །༢ ཀུན་བརྟགས་པའི་མཚན་ཉིད་ནི། གང་དེ་དོན་མེད་ཀྱང་རྣམ་པར་རིག་པ་ཙམ་དེ་དོན་ཉིད་དུ་སྣང་བའོ། །༣ ཡོངས་སུ་གྲུབ་པའི་མཚན་ཉིད་ནི། གང་གཞན་གྱི་དབང་གི་མཚན་ཉིད་དེ་ཉིད་ལ་དོན་གྱི་མཚན་ཉིད་དེ་གཏན་མེད་པ་ཉིད་དོ། །
Domain ཆོས་ལུགས།