89886

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤེས་མཚན་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རང་རྒྱུད་པ། ལམ་ཤེར་ཕྱིན་གྱི་རྣལ་འབྱོར་ལ་རང་དོན་ཕུན་ཚོགས་བསྐྱེད་པར་ཤེས་པར་བྱེད་པའི་སྦྱོར་བ་ཞིག་ལ་ཤེས་མཚན་ཞེས་བརྗོད། མཚོན་ཚུལ་ལ་སྤྱིའི་མཚོན་ཚུལ་དང། བྱེ་བྲག་གི་མཚོན་ཚུལ་གཉིས་ཡོད་དེ། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། ཉོན་མོངས་རྟགས་སོགས་ཀྱིས་དབེན་པའི་སེམས་དཔའི་རྣལ་འབྱོར་བཅུ་དྲུག་མཚན་གཞི། ལམ་ཤེར་ཕྱིན་གྱི་རྣལ་འབྱོར་དུ་མཚོན། ཐབས་ཤེས་ཁྱད་པར་ཅན་གཉིས་ཀྱིས་ཟིན་པའི་སྒོ་ནས་འབྲས་བུ་ཤེར་ཕྱིན་ཐོབ་བྱེད་ཀྱི་ཐབས་སུ་གྱུར་པའི་སེམས་དཔའི་རྣལ་འབྱོར་ཡིན་པ་ཞེས་སོ། ། གཉིས་པ་བྱེ་བྲག་གིས་མཚོན་ཚུལ་ནི། མེད་པའི་རྣམ་པ་ནས་བཟུང་སྟེ། །ཞེས་པའི་སྐབས་ནས་བསྟན་པའི་རྣམ་པ་ཉེར་བདུན་བསྒོམ་པར་བྱེད་ཅིང། ཉོན་མོངས་རྟགས་དང་མཚན་མ་དང་། །ཞེས་པས་བསྟན་པའི་སེམས་དཔའི་གཞི་ཤེས་སྦྱོར་བའི་ངོ་བོ་ཉིད་བཞི་པོ་མཚན་གཞི། སེམས་དཔའི་གཞི་ཤེས་སྦྱོར་བར་མཚོན། དེ་བཞིན་གཤེགས་པ་འབྱུང་བ་ཤེས་པ་སོགས་ཡུལ་བཅུ་དྲུག་གང་རུང་གི་རྣམ་པ་ཅན་གྱི་སེམས་དཔའི་རྣལ་འབྱོར་ཡིན་པ་ཞེས་སོ། །དབྱེ་ན་ཤེས་མཚན་བཞི་བཅུ་ཞེ་བརྒྱད་ཡོད། ས་མཚམས་ཐེག་མཐོང་ལམ་ནས་རྒྱུན་མཐའི་བར་དུ་ཡོད།
Domain ཆོས་ལུགས།