89892

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤེས་འདོད་ཆོས་ཅན་སྐྱོན་མེད་ (1)
Part of speech མིང་ཚིག
Definition མདོ་སྡེ་བ། ཁྱོད་ཆོས་ཅན་དུ་བཟུང་བ་ཡང་ཡིན། ཁྱོད་རྟགས་དེར་ཚད་མས་ངེས་ནས་བསྒྲུབ་བྱར་ཤེས་འདོད་ཞུགས་པའི་གང་ཟག་སྲིད་པ་ཡང་ཡིན་པའི་གཞི་མཐུན་དུ་དམིགས་པའོ། །
Domain ཚད་མ།
ཤེས་འདོད་ཆོས་ཅན་སྐྱོན་མེད་ (2)
Part of speech མིང་ཚིག
Definition སྒྲ་མི་རྟག་པར་སྒྲུབ་པའི་ཆོས་ཅན་སྐྱོན་མེད་གསུམ་པོ་གང་རུང་ཡང་ཡིན། དེ་སྒྲུབ་ཀྱི་ཕྱོགས་བཏགས་པ་ཡང་ཡིན་པའི་གཞི་མཐུན་པ་གང་ཞིག མི་རྟག་པའི་དཔག་གཞིར་བཟུང་བ།
ཤེས་འདོད་ཆོས་ཅན་སྐྱོན་མེད་ (3)
Part of speech མིང་ཚིག
Definition གཞི་གང་ཡང་རུང་བ་ཞིག་ཆོས་གང་ཡང་རུང་བ་ཡིན་པའམ་ཡོད་པར་སྒྲུབ་པའི་ཆོས་ཅན་ནམ་རྩོད་གཞིར་བཟུང་ཞིང་། གཞི་དེ་དེ་སྒྲུབ་ཀྱི་རྟགས་དེར་ཚད་མས་ངེས་ནས་བསྒྲུབ་བྱའི་ཆོས་དེ་ལ་ཤེས་འདོད་ཞུགས་པའི་གང་ཟག་དེའི་ངོར་རྩོད་གཞི་ཆོས་ཅན་དུ་བཟུང་བ་ཞིག་ལ་ཟེར་བ་ཡིན་ཏེ། དེ་ཡང་དགའ་བྱང་བླ་རབས་བཅོ་བརྒྱད་པ་མཁས་མཆོག་བློ་བཟང་བསྟན་པའི་རྟགས་རིགས་མཐའ་དཔྱོད་ལས། ཁྱོད་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྩོད་གཞིར་བཟུང་བ་ཡང་ཡིན། ཁྱོད་བྱས་པར་ཚད་མས་ངེས་ནས། ཁྱོད་མི་རྟག་པ་ཡིིིན་མིན་ལ་ཤེས་འདོད་ཞུགས་པའི་གང་ཟག་སྲིད་པ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ་དེ། ཁྱོད་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡིན་པའི་མཚན་ཉིད། ཅེས་གསུངས།