From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། ཕར་ཕྱིན། ཀུན་མཁྱེན་རོང་སྟོན་ཆེན་པོའི་ཟབ་དོན་གནད་ཀྱི་ཟླ་འོད་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་གཉིས་སུ་མེེད་པའི་ཡེ་ཤེས་སྒྱུ་མ་ལྟ་བུ་ལ་གཟུང་སྟེ། དེ་ལ་ཡེ་ཤེས་ཞེས་པ་དང་། གཉིས་སུ་མེད་པ་ཞེས་པ་དང། སྒྱུ་མ་ལྟ་བུ་ཞེས་པའི་ཚིག་གསུམ་གྱིས་སངས་རྒྱས་ལ་ཡེ་ཤེས་མེད་པར་འདོད་པ་དང། ཉན་ཐོས་སྡེ་གཉིས་ཀྱིས་གཟུང་འཛིན་རྫས་ཐ་དད་དུ་འདོད་པ་དང། སེམས་ཙམ་པ་གཟུང་འཛིན་གཉིས་མེད་བཞེད་ཀྱང་ཡེ་ཤེས་བདེན་དངོས་སུ་འདོད་པ་གསུམ་རིམ་པ་བཞིན་དུ་སེལ་བའི་དོན་དུ་སྨོས་སོ། །
|
| Domain
|
ཆོས་ལུགས།
|
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ (2)
| Part of speech
|
མིང་ཚིག
|
| Definition
|
རྗོད་བྱེད་ལ་འཇུག་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་སྟོན་པའི་ཕྱིར་རོ། །
|
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ (3)
| Part of speech
|
མིང་ཚིག
|
| Definition
|
ལམ་ལ་འཇུག་སྟེ། ཕ་རོལ་ཏུ་ཕྱིན་པར་བྱེད་པས་ན་ཕ་རོལ་ཏུ་ཕྱིན་པའོ། །
|
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ (4)
| Part of speech
|
མིང་ཚིག
|
| Definition
|
འབྲས་བུའོ། །གསུམ་པ་ནི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཡིན་པས་ཕ་རོལ་ཏུ་ཕྱིན་པའོ། །
|