89906

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་བཅུ་གཉིས་ (1)
Part of speech མིང་ཚིག
Definition དཀོན་བརྩེགས་འཕགས་པ་གཙུག་ན་རིན་པོ་ཆེས་ཞུས་པའི་མདོ་ལས་བྱུང་བ་སྟེ། ༡ སྔོན་གྱི་མཐའ་ལ་ཡང་དེའི་ཤེས་རབ་དང་ཡེ་ཤེས་མཐོང་བ་ཆགས་པ་མེད་ཅིང་ཐོགས་པ་མེད་པར་འཇུག་པ། ༢ ཕྱི་མའི་མཐའ་ལ་ཡང་དེའི་ཤེས་རབ་དང་ཡེ་ཤེས་མཐོང་བ་ཆགས་པ་མེད་ཅིང་ཐོགས་པ་མེད་པར་འཇུག་པ། ༣ ད་ལྟར་བྱུང་བ་ལ་ཡང་དེའི་ཤེས་རབ་དང་ཡེ་ཤེས་མཐོང་བ་ཆགས་པ་མེད་ཅིང་ཐོགས་པ་མེད་པར་འཇུག་པ། ༤ འདུས་བྱས་པ་ལ་ཡང་དེའི་ཤེས་རབ་དང་ཡེ་ཤེས་མཐོང་བ་ཆགས་པ་མེད་ཅིང་ཐོགས་པ་མེད་པར་འཇུག་པ། ༥ འདུས་མ་བྱས་ལ་ཡང་དེའི་ཤེས་རབ་དང་ཡེ་ཤེས་མཐོང་བ་ཆགས་པ་མེད་ཅིང་ཐོགས་པ་མེད་པར་འཇུག་པ། ༦ འཇིག་རྟེན་གྱི་བཟོའི་གནས་དང་ལས་ཀྱི་གནས་ཐམས་ཅད་ལ་ཡང་དེའི་ཤེས་རབ་དང་ཡེ་ཤེས་མཐོང་བ་ཆགས་པ་མེད་ཅིང་ཐོགས་པ་མེད་པར་འཇུག་པ། ༧ འཇིག་རྟེན་ལས་འདས་པ་ལ་ཡང་དེའི་ཤེས་རབ་དང་ཡེ་ཤེས་མཐོང་བ་ཆགས་པ་མེད་ཅིང་ཐོགས་པ་མེད་པར་འཇུག་པ། ༨ རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པ་ལ་ཡང་དེའི་ཤེས་རབ་དང་ཡེ་ཤེས་མཐོང་བ་ཆགས་པ་མེད་ཅིང་ཐོགས་པ་མེད་པར་འཇུག་པ། ༩ བདེན་པ་ཤེས་པ་ལ་ཡང་དེའི་ཤེས་རབ་དང་ཡེ་ཤེས་མཐོང་བ་ཆགས་པ་མེད་ཅིང་ཐོགས་པ་མེད་པར་འཇུག་པ། ༡༠ ཀུན་རྫོབ་བསྟན་པ་ལ་ཡང་དེའི་ཤེས་རབ་དང་ཡེ་ཤེས་མཐོང་བ་ཆགས་པ་མེད་ཅིང་ཐོགས་པ་མེད་པར་འཇུག་པ། ༡༡ དོན་དམ་པ་བསྟེན་པ་ལ་ཡང་དེའི་ཤེས་རབ་དང་ཡེ་ཤེས་མཐོང་བ་ཆགས་པ་མེད་ཅིང་ཐོགས་པ་མེད་པར་འཇུག་པ། ༡༢ སེམས་ཅན་གྱི་དབང་པོ་དང་བརྩོན་འགྲུས་རྣམ་པ་ཐ་དད་པའི་ཕྱིར། རབ་དང༌། འབྲིང་དང༌། ཐ་མའི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་པས་སེམས་ཅན་ཐམས་ཅད་ལ་ཡང་དེའི་ཤེས་རབ་དང་ཡེ་ཤེས་མཐོང་བ་ཆགས་པ་མེད་ཅིང་ཐོགས་པ་མེད་པར་འཇུག་པ་བཅས་སོ། །
Domain ཆོས་ལུགས།