89907

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་རྣམ་པ་སོ་གཉིས་ (1)
Part of speech མིང་ཚིག
Definition ༡ ཐོས་པ་ཚོལ་བས་མི་ངོམས་པས་མང་དུ་ཐོས་པ། ༢ ཚུལ་བཞིན་ཡིད་ལ་བྱེད་པས་ཆོས་རྣམས་ལ་དཔྱོད་པའི་ཤེས་པ་ལ་མཁས་པ། ༣ བྱང་ཆུབ་མངོན་སུམ་དུ་བྱེད་པའི་བདག་ཉིད་ཆོས་སྒྲུབ་པ་ཤེས་པ། ༤ ཕུང་པོ་ལ་མཁས་པ་ལ་འཇུག་པས་རྣམ་པར་གྲོལ་བ་ཤེས་པ་དང༌། ༥ ཆོས་ཀྱི་དབྱིངས་ལ་མཁས་པའི་ཤེས་པ། ༦ སྐྱེ་མཆེད་ལ་མཁས་པའི་ཤེས་པ། ༧ རྒྱུ་དང་བྱ་བ་ཁོང་དུ་ཆུད་པས་སྟོང་པའི་རྣམ་པར་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ། ༨ བདེན་པ་ལ་མཁས་པའི་ཤེས་པ། ༩ དེར་མི་ལྟུང་བར་སྐྱོན་མེད་པ་ལ་འཇུག་པ་ཤེས་པ། ༡༠ བསམ་བཞིན་དུ་སྐྱེ་བས་སྐྱེ་བ་ལ་སོ་སོར་མི་རྟོག་པའི་ཤེས་པ། ༡༡ གཟོད་མ་ནས་རྣམ་པར་དག་པས་ཆོས་ཐམས་ཅད་མི་སྐྱེ་བར་ཤེས་པ། ༡༢ ཕྱིན་ཅི་ལོག་ཏུ་གྱུར་པ་ཡོངས་སུ་སྨིན་པར་བྱེད་པས་སེམས་ཅན་ཐམས་ཅད་བདག་མེད་པར་ཤེས་པ་དང༌། ༡༣ འདོད་ཆགས་དང་བྲལ་བའི་མཐའི་ཕྱིར་ཆོས་ཐམས་ཅད་ཆོས་གཅིག་ཏུ་ཤེས་པ། ༡༤ ནམ་མཁའ་དང་མཚུངས་པའི་ཕྱིར་ཞིང་ཐམས་ཅད་ཞིང་གཅིག་ཏུ་ཤེས་པ། ༡༤ ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པ་ལ་ཞུགས་པས་སངས་རྒྱས་ཐམས་ཅད་སངས་རྒྱས་གཅིག་ཏུ་ཤེས་པ། ༡༦ ཡི་གེ་ཤེས་པ་ལ་མཁས་པས་ཆོས་ཀྱི་ཚིག་རབ་ཏུ་དབྱེ་བ་བསྟན་པ་ཤེས་པ། ༡༧ ལེགས་པར་བཤད་པས་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པའི་ཕྱིར་ཆགས་པ་མེད་པའི་སྤོབས་པས་ཆོས་རྒྱ་ཆེར་ཤེས་པ། ༡༨ ཐོས་པ་ཐམས་ཅད་འཛིན་པས་གཟུངས་བརྗེད་པ་མེད་པའི་ཤེས་པ། ༡༩ བདུད་དེ་དག་བྱང་ཆུབ་ཏུ་ཡོངས་སུ་སྨིན་པར་བྱེད་པས་བདུད་ཀྱི་ལས་ཐམས་ཅད་ཁོང་དུ་ཆུད་པའི་ཤེས་པ། ༢༠ རྣམ་པར་བསྒྲུབས་ཏེ་སོ་སོར་ཉེ་བར་གནས་པར་ཤེས་པས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོག་པའི་ཤེས་པ། ༢༡ ཤིན་ཏུ་ཡོངས་སུ་གྲུབ་པ་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་རྨི་ལམ་དང༌། སྨིག་རྒྱུ་དང༌། ཆུ་ཟླ་དང༌། མིག་ཡོར་དང༌། བྲག་ཅ་ལྟ་བུའི་ཚུལ་དུ་སྟོན་པ་ཤེས་པ། ༢༢ ཤེས་པ་རྣམ་པར་དག་པའི་ཕྱིར་སེམས་ཅན་གྱི་སེམས་ཀྱི་སྤྱོད་པ་ཐམས་ཅད་ཁོང་དུ་ཆུད་པའི་ཤེས་པ། ༢༣ ཤིན་ཏུ་བསླབ་པའི་ཕྱིར་འཁོར་བ་དང་མྱ་ངན་ལས་འདས་པ་བརྟགས་པར་ཤེས་པའི་ཐབས་ལ་མཁས་པ། ༢༤ རྣམ་པར་ཐར་པའི་སྒོའི་ཕྱིར་སྟོང་པ་ཉིད་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པའི་རྣམ་པའི་ཆོས་ཤེས་པ། ༢༥ གཟོད་མ་ནས་བྲལ་བ་མེད་པའི་ཕྱིར་ཆོས་ཐམས་ཅད་རང་བཞིན་གྱིས་ཞི་བ་དང༌། རབ་ཏུ་ཞི་བ་དང༌། ཉེ་བར་ཞི་བར་ཤེས་པ། ༢༦ མ་རིག་པ་དང༌། གཏི་མུག་གི་མུན་པ་ཀུན་ཏུ་བཅོམ་པའི་ཕྱིར་ཆོས་ཐམས་ཅད་ལ་རབ་རིབ་མེད་ཅིང་སྣང་བ་ཐོབ་པ། ༢༧ ཆོས་ཐམས་ཅད་གར་ཡང་མི་འགྲོ། གང་ནས་ཀྱང་མི་འོང་བར་ཤེས་པས་ཤེས་རབ་ཀྱི་འོད་དང་ལྡན་ཞིང་སེམས་ཅན་ཐམས་ཅད་ལ་རྣམ་པར་ཐར་པའི་ཆོས་སྟོན་པ། ༢༨ ལས་དང་བྱ་བ་ཁོང་དུ་ཆུད་པས་སེམས་ཅན་རྣམས་ཀྱི་འཆི་འཕོ་དང་འགྲོ་བར་སྐྱེ་བ་སྟོན་པ། ༢༩ དོན་དང༌། ཆོས་དང༌། ངེས་པའི་ཚིག་དང༌། སྤོབས་པའི་ཚུལ་ལ་མཁས་ཏེ་ཁྱད་པར་དེ་ཁོ་ནའི་ལུང་སྟོན་པས་སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པ། ༣༠ བདག་དུལ་བ་དང༌། ཞི་བ་དང༌། གྲོལ་བ་དང༌། སྦས་པ་དང༌། བྱང་བས་ཡོངས་སུ་མྱ་ངན་ལས་བཟླ་བའི་ཕྱིར་དོན་ཡོད་པའི་ཆོས་སྟོན་པ། ༣༡ དམ་པའི་ཆོས་ཡོངས་སུ་འཛིན་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་དེ་ཤེས་རབ་ལས་ངེས་པར་འབྱུང་བར་རིག་ནས་ཆོས་ཀྱི་གྲོང་ཁྱེར་ཐམས་ཅད་ཡོངས་སུ་སྐྱོང་བར་བྱིན་གྱིས་རློབ་པ། ༣༢ ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའི་ས་ལ་ཡང་དག་པར་གཞོལ་ཏེ་མཐའ་ལ་གནས་པའི་ཚུལ་ངེས་པར་བྱས་པས་ལུང་བསྟན་པའི་ས་རབ་ཏུ་ཐོབ་པ་ཡིན་ཏེ། མི་འམ་ཅིའི་བདག་པོ། །རྣམ་པ་སུམ་ཅུ་རྩ་གཉིས་པོ་འདི་དག་གིས་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ནོ། །
Domain ཆོས་ལུགས།

{{#arraymap:ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་རྣམ་པ་སོ་གཉིས་

|; |@@@ | | }}