8991
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཉན་ཐོས་རྩ་བའི་སྡེ་པ་བཞིའི་ཡ་གྱལ་ཞིག་སྟེ། སེར་སྨད་རྒྱལ་དབང་མཛོད་ལས། བྱེ་བྲག་སྨྲ་བས་ནི་གཞི་ལྔ་པོ་དེ་དག་ཐམས་ཅད་རྫས་སུ་ཡོད་པར་འདོད་ལ། རྒྱུ་མཚན་དེས་ཐམས་ཅད་ཡོད་པར་སྨྲ་བ་ཞེས་སུའང་གྲགས་པར་སྣང་ངོ་། །འོན་ཀྱང་གཞི་ལྔ་པོ་རྫས་སུ་ཡོད་པར་སྨྲ་ན། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་ཡིན་པས་མ་ཁྱབ་སྟེ། དེ་ནི་རྩ་བའི་སྡེ་པ་བཞིའི་ཡ་གྱལ་གཅིག་ཡིན་པའི་ཕྱིར། ཞེས་གསུངས། |