89951
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་མིའམ་ཅིའི་རྒྱལ་པོ་སྡོང་པོས་ཞུས་པའི་མདོ་ལས་བྱུང་བ་སྟེ། ༡ བདག་དང་། སེམས་ཅན་དང་། སྲོག་དང་། གསོ་བ་དང་། སྐྱེ་བ་དང་། གང་ཟག་ཏུ་སྨྲ་བ་མེད་པ་རྣམས་ཡིན། ༢ སྤོབས་པ་ཆགས་པ་མེད་པ་རྣམས་ཡིན། ༣ ཚིག་ཐམས་ཅད་རབ་ཏུ་དབྱེ་བ་བསྟན་པ་ཤེས་པ་ལ་མཁས་པ་རྣམས་ཡིན། ༤ ཆོས་ཐམས་ཅད་ལ་སོམ་ཉི་མེད་ཅིང་ཐེ་ཚོམ་དང་བྲལ་བ་རྣམས་སོ། ། |
| Domain | ཆོས་ལུགས། |