89963
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་ལས་བྱུང་བ་སྟེ། ༡ རྣམ་པར་འབྱེད་པ་ནི། སྤྱད་པ་རྣམ་པར་སྦྱོང་བའི་དམིགས་པ་དང། མཁས་པའི་དམིགས་པ་དང། ཉོན་མོངས་པ་རྣམ་པར་སྦྱོང་བའི་དམིགས་པ་དག་ལ་ཇི་སྙེད་ཡོད་པ་ཉིད་ཀྱིས་རྣམ་པར་འབྱེད་པར་བྱེད་བའི་ཤེས་རབ་གང་ཡིན་པའོ། ། ༢ རབ་ཏུ་རྣམ་པར་འབྱེད་པ་ནི། དམིགས་པ་དེ་དག་ལ་ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཀྱིས་རབ་ཏུ་རྣམ་པར་འབྱེད་བར་བྱེད་པའི་ཤེས་རབ་གང་ཡིན་པའོ། ། ༣ ཡོངས་སུ་རྟོགས་པ་ནི། ཤེས་རབ་དེ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པ་རྣམ་པར་རྟོག་པ་དང་བཅས་པས་མཚན་མར་འཛིན་པར་བྱེད་པའི་ཚེ་ན་ནི་ཡོངས་སུ་རྟོག་པ་ཡིན་ནོ། ། ༤ ཡོངས་སུ་དཔྱོད་པ་ནི། ཤེས་རབ་དེ་གཉིས་དང་ལྡན་པའི་ཡིད་ལ་བྱེད་པ་རྣམ་པར་རྟོག་པ་དང་བཅས་པ་དེ་ཉིད་ཀྱིས་ཡང་དག་པར་རྟོག་པར་བྱེད་པའི་ཚེ་ན་ནི་ཡོངས་སུ་དཔྱོད་པ་ཡིན། དེ་དག་ཀྱང་དང་པོ་ནི་རྟོགས་པ་ཡིན་ལ། ལྷག་མ་གསུམ་གྱིས་ནི་རྟོགས་པ་དེ་ཉིད་བྱེ་བྲག་ཏུ་བསྟན་པ་ཡིན་པར་རིག་པར་བྱའོ། ། |
| Domain | ཆོས་ལུགས། |