From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཤེས་རབ་གསུམ་ (1)
| Part of speech
|
མིང་ཚིག
|
| Definition
|
མདོ། འཇིག་རྟེན་པའི་ཤེས་རབ། དེ་ལས་འདས་པའི་ཤེས་རབ། འཇིག་རྟེན་ལས་འདས་པ་ཆེན་པོའི་ཤེས་རབ་བོ། །
|
| Domain
|
ཆོས་ལུགས།
|
ཤེས་རབ་གསུམ་ (2)
| Part of speech
|
མིང་ཚིག
|
| Definition
|
ཆོས་ལུགས། མདོ། མངོན་པ། མིང་ཁོ་ནའི་ཡུལ་ཅན་གྱི་ཤེས་རབ་ཏུ་དམིགས་པ། ཐོས་བྱུང་གི་ཤེས་རབ་ཀྱི་མཚན་ཉིད། མིང་དོན་གཉིས་ཀའི་ཡུལ་ཅན་གྱི་ཤེས་རབ་ཏུ་དམིགས་པ། བསམ་བྱུང་གི་ཤེས་རབ་ཀྱི་མཚན་ཉིད། དོན་ཁོ་ནའི་ཡུལ་ཅན་གྱི་ཤེས་རབ་ཏུ་དམིགས་པ་སྒོམ་བྱུང་གི་ཤེས་རབ་ཀྱི་མཚན་ཉིད་ཡིན་པའི་ཕྱིར། མདོ་སྡེ་པ་ནི། ཡིད་ཆེས་པའི་ལུང་ཚད་མ་ལས་སྐྱེད་པའི་ཤེས་རབ་དེ་དང་པོ་དང་། དེའི་དོན་ལ་རིགས་པས་བརྟགས་པ་ལས་སྐྱེས་པའི་ཤེས་རབ་དེ་གཉིས་པ་དང་། ཏིང་ངེ་འཛིན་ལས་སྐྱེས་པའི་ཤེས་རབ་གསུམ་པ་ཡིན་པར་འདོད་དོ། །འོ་ན་རྟེན་གང་གིས་བསྒོམས་པས་མངོན་དུ་འགྱུར་ཞེ་ན། དེ་སྟོན་པ་ལ། བསྲིང་གཉིས་ལྡན་ཆོག་མི་ཤེས་དང་། །འདོད་ཆེན་ཅན་ལ་མ་ཡིན་ནོ། །ཞེས་གསུངས། ལུས་འདུ་འཛི་དང་སེམས་རྣམ་རྟོག་ལས་བསྲིང་བའི་བསྲིང་བ་གཉིས་ལྡན་གྱི་གང་ཟག་གིས་བསྒོམ་པར་བྱ་བ་ཡིན་ཏེ། དེས་བསྒོམས་ན་སྐྱེ་སླ་ཞིང་ཆོག་མི་ཤེས་པ་དང་འདོད་ཆེན་ཅན་གྱིས་བསྒོམས་ཀྱང་སྐྱེ་དཀའ་བ་ཡིན་པའི་ཕྱིར། །
|
ཤེས་རབ་གསུམ་ (3)
| Part of speech
|
མིང་ཚིག
|
| Definition
|
དོན་དམ་པའི་ཤེས་རབ། ཀུན་རྫོབ་རྟོགས་པའི་ཤེས་རབ། སེམས་ཅན་དོན་བྱེད་ཀྱི་ཤེས་རབ་བོ། །
|