8997

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཞི་དང་གསལ་བྱེད་ཀྱི་ཡི་གེ་སོ་དྲུག་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པར་གཟུགས་བརྙན་གྱི་ཡི་གེ་འཆད་སྐབས་སྐྱེ་མེད་ལ་སོགས་པ་མཚོན་བྱེད་ཀྱི་གཞི་དང་གསལ་བྱེད་ཀྱི་ཡིག་འབྲུ་སུམ་ཅུ་སོ་དྲུག་གསུངས་ཏེ། སྐྱེ་མེད་མཚོན་བྱེད་ཀྱི་ཡི་གེ་ཨ། བྱ་བའི་ཡེ་ཤེས་མཚོན་བྱེད་ཀྱི་ཡི་གེ་ཀ། ཁྱབ་པར་བྱེད་པ་མཚོན་བྱེད་ཀྱི་ཡི་གེ་ཁ། སྐྱེ་བ་མཚོན་པར་བྱེད་པའི་ཡི་གེ་ག གྲོལ་བ་མཚོན་བྱེད་ཀྱི་ཡི་གེ་གྷ། འཛིན་པ་མཚོན་བྱེད་ཀྱི་ཡི་གེ་ང་། སྤྱོད་པ་མཚོན་བྱེད་ཀྱི་ཡི་གེ་ཙ། འདུ་བྲལ་མཚོན་བྱེད་ཀྱི་ཡི་གེ་ཚ། མི་གནས་པ་མཚོན་བྱེད་ཀྱི་ཡི་གེ་ཛ། དྲི་མ་མཚོན་བྱེད་ཀྱི་ཡི་གེ་ཛྷ། ཤེས་པ་མཚོན་བྱེད་ཀྱི་ཡི་གེ་ཉ། དེ་ཉིད་མཚོན་བྱེད་ཀྱི་ཡི་གེ་ཊ། བྱེད་པ་མཚོན་བྱེད་ཀྱི་ཡི་གེ་ཋ། ཉེར་ཞི་མཚོན་བྱེད་ཀྱི་ཡི་གེ་ཌ། ཆོས་མཚོན་བྱེད་ཀྱི་ཡི་གེ་ཌྷ། མིང་མཚོན་བྱེད་ཀྱི་ཡི་གེ་ཎ། ལམ་མཚོན་བྱེད་ཀྱི་ཡི་གེ་ཏ། གནས་མཚོན་བྱེད་ཀྱི་ཡི་གེ་ཐ། ཀུན་ནས་འཁྲུལ་པ་མཚོན་བྱེད་ཀྱི་ཡི་གེ་ད། རང་བཞིན་མཚོན་བྱེད་ཀྱི་ཡི་གེ་དྷ། ཡུལ་མཚོན་བྱེད་ཀྱི་ཡི་གེ་ན། དོན་དམ་པ་མཚོན་བྱེད་ཀྱི་ཡི་གེ་པ། འབྲས་བུ་མཚོན་བྱེད་ཀྱི་ཡི་གེ་ཕ། འཆིང་གྲོལ་མཚོན་བྱེད་ཀྱི་ཡི་གེ་བ། སྲིད་པ་མཚོན་བྱེད་ཀྱི་ཡི་གེ་བྷ། དྲན་པ་མཚོན་བྱེད་ཀྱི་ཡི་གེ་མ། མི་འགྱུར་བ་མཚོན་བྱེད་ཀྱི་ཡི་གེ་ཡ། རྒྱུ་རྐྱེན་མཚོན་བྱེད་ཀྱི་ཡི་གེ་ཝ། རྡུལ་མཚོན་བྱེད་ཀྱི་ཡི་གེ་ར། བཅོམ་པ་མཚོན་བྱེད་ཀྱི་ཡི་གེ་ལ། ཞི་བ་མཚོན་བྱེད་ཀྱི་ཡི་གེ་ཤ། ཤེས་པ་སྐྱེ་བ་མཚོན་བྱེད་ཀྱི་ཡི་གེ་ཥ། རྣམ་པ་ཐམས་ཅད་ཤེས་པ་མཚོན་བྱེད་ཀྱི་ཡི་གེ་ས། རྒྱུ་མཚོན་བྱེད་ཀྱི་ཡི་གེ་ཧ། རང་བྱུང་གི་ཡེ་ཤེས་ཀུན་ཏུ་བཟང་པོ་མཚོན་བྱེད་ཀྱི་ཡི་གེ་ཀྵ། གནས་ལུགས་དོན་གྱི་ཀུན་གཞི་དབྱིངས་ཆེན་ཀུན་ཏུ་བཟང་མོ་དམ་པའི་བདག་གམ་བདག་ཉིད་ཆེན་པོ་ཐོག་མཐའ་དང་བྲལ་བ་མཚོན་པར་བྱེད་པའི་ཡི་གེ་ཨ་དང་སོ་དྲུག་གོ །
Domain ཆོས་ལུགས།