8999

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཞི་དམ་ཚིག་གིས་གཟུང་བར་བསླབ་པ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། གཞི་དམ་ཚིག་གིས་གཟུང་བ་ས་གཞི་གཤིན་པ་ལྟར་བཤད་པའི་ཚུལ། ཀུན་འདུས་རིག་པའི་མདོ་ལས། ཇི་ལྟར་ས་གཞི་གཤིན་པ་ལ། །བརྟེན་ནས་ས་བོན་བཏབ་པ་ལས། །འབྲས་དྲུག་སྨིན་པར་གྱུར་པ་ཡིས། །འཚོ་བར་བྱེད་པའི་སྲོག་འཛིན་ལྟར། །ཆོས་ཉིད་ཀུན་གྱི་གཞིར་གྱུར་པའི། །དམ་ཚིག་འདི་ལ་བརྟེན་ནས་ནི། །དངོས་གྲུབ་ལོ་ཏོག་སྨིན་པ་ཡིས། །དགེ་བའི་སྲོག་འཛིན་དམ་པའོ། །བསླབ་པ་འདི་ཡི་དམ་ཚིག་སྟེ། །བསླབ་པ་ཀུན་གྱི་གཞི་འཛིན་དུ། །གོམས་པར་བྱ་བ་རབ་ཏུ་གཅེས། །ཞེས་གསུངས་པ་ལྟར་རྒྱས་པར་མདོ་དགོངས་པ་འདུས་པ་ལེའུ་རེ་དྲུག་པར་གསལ།
Domain ཆོས་ལུགས།