90002

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤེས་རབ་འཁོར་ལོ་ (1)
Part of speech མིང་ཚིག
Definition རྗེ་བཙུན་འཇམ་པའི་དབྱངས་ཀྱི་མཚན་ཏེ། ངག་དབང་བརྟན་ཅིང་ཆོས་ཀྱི་འཁོར་ལོའི་བདག་ཉིད་ཡིན་པས་སོ། །དེ་ཡང་འགྲོ་བ་མིའི་སེམས་ལ་སྤྱིར་བཏང་བུ་ག་དགུ་ཡོད་པ་ལས། ཕལ་མོ་ཆེ་ཁ་ཟུམ་ནས་ཡོད་པས་ཤེས་རབ་དམན་པའོ། །ཤེས་རབ་ཆེ་བར་གྲགས་པ་དག་ལའང་བུ་གུ་གསུམ་ལས་ཁ་བྱེ་མེད་ལ། སློབ་དཔོན་ཆོས་ཀྱི་གྲགས་པར་ཡང་བུ་ག་ལྔ་ལས་ཁ་བྱེ་པས། བུ་ག་དེ་དག་ཁ་འབྱེད་པ་ལ། རྗེ་བཙུན་འཇམ་པའི་དབྱངས་བརྟན་པའི་འཁོར་ལོ་འདིའི་འཁོར་ལོ་བསྒོམ་དགོས་པས་ཤེས་རབ་འཁོར་ལོ་ཞེས་གྲགས་སོ། །
Type མངོན་བརྗོད།

{{#arraymap:ཤེས་རབ་འཁོར་ལོ་

|; |@@@ | | }}