90015

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤེས་རབ་ཡོངས་སུ་དག་པ་བརྒྱད་ (1)
Part of speech མིང་ཚིག
Definition འཕགས་པ་ནམ་མཁའ་མཛོད་ཀྱིས་ཞུས་པའི་མདོ་ལས་བྱུང་བ་སྟེ། ༡ དགེ་བའི་ཆོས་ཐམས་ཅད་ཡང་དག་པར་སྒྲུབ་ཀྱང་རྟག་པར་ལྟ་བར་མི་སྦྱོར་བ། ༢ མི་དགེ་བའི་ཆོས་ཐམས་ཅད་སྤོང་བར་བརྩོན་འགྲུས་རྩོམ་ཡང་ཆད་པར་ལྟ་བར་མི་ལྟ་བ། ༣ རྟེན་ཅིང་འབྲེལ་བར་འབྱུང་བ་ལ་འཇུག་ཀྱང་མི་སྐྱེ་བའི་བཟོད་པ་དང་འགལ་བར་མི་བྱེད་པ། ༤ སོ་སོ་ཡང་དག་པར་རིག་པ་བཞི་ཞེས་པར་སྣང་ཡང་ངེས་པའི་ཚིག་གི་སྤོབས་པ་ལ་མི་ཆགས་པ། ༥ ཆོས་ཀྱི་སྡོམ་བཞིའམ་སྟོན་པ་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། ཞི་བ་ཉིད་དུ་དངོས་པོ་ཡང་དག་པར་རྗེས་སུ་མི་མཐོང་བ། ༦ ལས་དང་བྱ་བ་ལ་འཇུག་པ་རབ་ཏུ་སྟོན་ཀྱང་ལས་བྱེད་ཅིང་རྣམ་པར་སྨིན་པར་མེད་པ་ལས་ཀྱང་མི་གཡོ་བ། ༧ སྤྲོས་པ་མེད་པའི་ཆོས་ཤེས་པ་ལ་གནས་པ་ཡིན་ཡང་ཆོས་ཐམས་ཅད་ཀྱི་ཚིག་རབ་ཏུ་དབྱེ་བ་ངེས་པར་རབ་ཏུ་སྟོན་པ། ༨ ཆོས་ཐམས་ཅད་ཀྱི་སྣང་བ་ལ་རབ་ཏུ་རྙེད་པ་ཡིན་གྱི། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའང་སེམས་ཅན་རྣམས་ལ་རབ་ཏུ་སྟོན་པའོ། །
Domain ཆོས་ལུགས།

{{#arraymap:ཤེས་རབ་ཡོངས་སུ་དག་པ་བརྒྱད་

|; |@@@ | | }}

ཤེས་རབ་ཡོངས་སུ་དག་པ་བརྒྱད་ (2)
Part of speech མིང་ཚིག
Definition དཀོན་བརྩེགས་འཕགས་པ་སངས་རྒྱས་ཀྱི་ཡུལ་བསམ་གྱིས་མི་ཁྱབ་པ་བསྟན་པའི་མདོ་ལས་བྱུང་བ་སྟེ། ༡ ཕུང་པོ་ལ་མཁས་པའི་རྣམ་པས་ཡོངས་སུ་དག་པ། ༢ ཁམས་ལ་མཁས་པའི་རྣམ་པས་ཡོངས་སུ་དག་པ། ༣ སྐྱེ་མཆེད་ལ་མཁས་པའི་རྣམ་པས་ཡོངས་སུ་དག་པ། ༤ རྟེན་ཅིང་འབྲེལ་བར་འབྱུང་བ་ལས་མཁས་པའི་རྣམ་པས་ཡོངས་སུ་དག་པ། ༥ བདེན་པ་ལ་མཁས་པའི་རྣམ་པས་ཡོངས་སུ་དག་པ། ༦ དབང་པོ་ལ་མཁས་པའི་རྣམ་པས་ཡོངས་སུ་དག་པ། ༧ རྣམ་པར་ཐར་པའི་སྒོ་གསུམ་ལ་མཁས་པའི་རྣམ་པས་ཡོངས་སུ་དག་པ། ༨ བག་ལ་ཉལ་དང་ཀུན་ནས་དཀྲིས་པ་དང་ལྟ་བ་ཐམས་ཅད་ཡང་དག་པར་འཇོམས་པ་ལ་མཁས་པའི་རྣམ་པས་ཡོངས་སུ་དག་པའོ། །

{{#arraymap:ཤེས་རབ་ཡོངས་སུ་དག་པ་བརྒྱད་

|; |@@@ | | }}