90018

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤེས་རབ་རལ་ཀྱུ་ (1)
Part of speech མིང་ཚིག
Definition བོན། ཕྱག་ཆ་ཞིག་ཡིན་ཏེ། གཟི་བརྗིད་པོད་གསུམ་པ་ལས། གཡས་པས་ཤེས་རབ་རལ་ཀྱུ་བསྣམས། །ཞེས་སོ། །དེ་ཡང་རལ་གྲིའམ་རལ་ཀྱུ་ནི་ཤེས་རབ་མཚོན་བྱེད་ཡིན་པས་ཤེས་རབ་རལ་ཀྱུ་ཞེས་བྱ་སྟེ། བདེ་བར་གཤེགས་པའི་ཐུགས་རྗེའི་ཕྱག་མཚན་ངོས་འཛིན་གསལ་བྱེད་ཉི་མ་ལས། ཤེས་རབ་རྣོ་ངར་དང་ལྡན་པ་མཚོན་བྱེད་དུ་རལ་གྲི་ཞིག་གོ ། ཞེས་སོ། །དེའི་དབྱིབས་ནི། རྩེ་མོ་ཟུར་གསུམ་ཕྱོགས་གཉིས་ཀར་རྣོ་ངར་དང་ལྡན་ཞིང། འཆང་གཟུང་དང། ཡུ་མགོ་ལ་པད་མའམ་རྡོ་རྗེའི་རྣམ་པ་ཅན་ཞིག་ཡིན་ནོ། །
Domain ཆོས་ལུགས།

{{#arraymap:ཤེས་རབ་རལ་ཀྱུ་

|; |@@@ | | }}