90024

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤེས་རབ་རྣམ་པ་གཉིས་ (1)
Part of speech མིང་ཚིག
Definition དུས་པ་ཆེན་པོ་ལས་སའི་སྙིང་པོའི་འཁོར་ལོ་བཅུ་པའི་མདོ་ལས་བྱུང་བ་ཁག་གཅིག་སྟེ། འཇིག་རྟེན་པའི་ཤེས་རབ། འཇིག་རྟེན་ལས་འདས་པའི་ཤེས་རབ་བོ། །
Domain ཆོས་ལུགས།

{{#arraymap:ཤེས་རབ་རྣམ་པ་གཉིས་

|; |@@@ | | }}

ཤེས་རབ་རྣམ་པ་གཉིས་ (2)
Part of speech མིང་ཚིག
Definition འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། རྒྱུའི་རང་བཞིན། འབྲས་བུའི་ངོ་བོའོ། །

{{#arraymap:ཤེས་རབ་རྣམ་པ་གཉིས་

|; |@@@ | | }}

ཤེས་རབ་རྣམ་པ་གཉིས་ (3)
Part of speech མིང་ཚིག
Definition འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། ༡ དེ་ལ་འཇིག་རྟེན་པའི་ཤེས་རབ་ནི། འཕགས་པའི་ལམ་དང་འབྲས་བུ་དང་མི་ལྡན་པ། ཟག་པ་དང་བཅས་པ། ཀུན་ཏུ་སྦྱོར་བར་བྱ་བ། འདུད་པར་བྱ་བ། ཀླུང་དུ་འབབ་པར་བྱ་བ། སྒྲིབ་པར་བྱ་བ། མཆོག་ཏུ་བཟུང་བ། ཉེ་བར་བསླང་བ་མ་ཡིན་པ། ཀུན་ནས་ཉོན་མོངས་ཅན་ལ་འབྱུང་བའོ། །༢ འཇིག་རྟེན་ལས་འདས་པའི་ཤེས་རབ་ནི། ལམ་དང་འབྲས་བུ་དང་ལྡན་པ། དེ་ནི་ཟག་པ་མེད་པ། སྦྱོར་བར་བྱ་བ་མ་ཡིན་པ། འདུད་པར་བྱ་བ་མ་ཡིན་པ། ཀླུང་དུ་འབབ་པར་བྱ་བ་མ་ཡིན་པ། སྒྲིབ་པར་བྱ་བ་མ་ཡིན་པ། མཆོག་ཏུ་གཟུང་བར་བྱ་བ་མ་ཡིན་པ། ཉེ་བར་བླང་བ་མ་ཡིན་པ། ཉོན་མོངས་པ་ཅན་ལ་བྱུང་བ་མ་ཡིན་པའོ། །

{{#arraymap:ཤེས་རབ་རྣམ་པ་གཉིས་

|; |@@@ | | }}