90027

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤེས་རབ་རྣམ་པ་བཞི་ (1)
Part of speech མིང་ཚིག
Definition འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པ་ལས་བྱུང་བ་སྟེ། རང་གི་ལས་ལས་ཤེས་པ་ལ་བཅུ། བདེན་པ་རྗེས་སུ་མཐུན་པ་ཤེས་པ། ལམ་དང་ལྡན་པ་ཤེས་པ། འབྲས་བུ་དང་ལྡན་པ་ཤེས་པ།
Domain ཆོས་ལུགས།
ཤེས་རབ་རྣམ་པ་བཞི་ (2)
Part of speech མིང་ཚིག
Definition འདོད་པ་ན་སྤྱོད་པ་ནི། འདོད་པ་ན་སྤྱོད་པ་དགེ་བ་དང་ལུང་དུ་མ་བསྟན་པའི་ཤེས་རབ་བོ། །གཟུགས་ན་སྤྱོད་པ་ནི། གཟུགས་ན་སྤྱོད་པའི་དགེ་བ་དང་ལུང་དུ་མ་བསྟན་པའི་ཤེས་རབ་བོ། །གཟུགས་མེད་པ་ན་སྤྱོད་པ་ནི། གཟུགས་མེད་པ་ན་སྤྱོད་པའི་དགེ་བ་དང་ལུང་དུ་མ་བསྟན་པའི་ཤེས་རབ་བོ། །ཡོངས་སུ་མ་བསྡུས་པ་ནི། ལམ་དང་འབྲས་བུ་ནི་ཡོངས་སུ་མ་བསྡུས་པའོ། །
ཤེས་རབ་རྣམ་པ་བཞི་ (3)
Part of speech མིང་ཚིག
Definition ཆོས་ཤེས་པ། རྗེས་སུ་ཤེས་པ། གཞན་གྱི་སེམས་ཤེས་པ། ཀུན་རྫོབ་ཤེས་པའོ། །
ཤེས་རབ་རྣམ་པ་བཞི་ (4)
Part of speech མིང་ཚིག
Definition ༡ གང་འཕེལ་བ་མ་ཡིན་ཞིང་འགྲིབ་པའི་ཤེས་རབ་ནི། འདོད་པ་ན་སྤྱོད་པ་གང་དག་དགེ་བའི་ཤེས་རབ་དེ་ནི་འགྲིབ་པ་ཡིན་ཞིང་ཉེ་བར་མི་འཕེལ་ལོ། །༢ གང་ཉེ་བར་འཕེལ་ཞིང་འགྲིབ་པ་མ་ཡིན་པའི་ཤེས་རབ་ནི། ལམ་བཞིའི་ཤེས་རབ་དེ་ནི་ཉེ་བར་འཕེལ་ཞིང་འགྲིབ་པ་མ་ཡིན་པའོ། །༣ གང་འགྲིབ་པ་དང་འཕེལ་བ་དག་གི་ཤེས་རབ་ནི། གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་གང་དགེ་བའི་ཤེས་རབ་དེ་ནི་འཕེལ་བ་ཡིན་ཞིང་འགྲིབ་པ་ཡང་ཡིན་ནོ། །༤ གང་འཕེལ་བ་ཡང་མ་ཡིན་འགྲིབ་པ་ཡང་མ་ཡིན་པ་དག་གི་ཤེས་རབ་ནི། ས་བཞིའི་རྣམ་པར་སྨིན་པ་དང༌། ས་གསུམ་གྱི་རྣམ་པར་སྨིན་པ་ལུང་མ་བསྟན་པའི་ཤེས་རབ་དེ་ནི་འགྲིབ་པ་མ་ཡིན་ཉེ་བར་འཕེལ་བ་མ་ཡིན་པའོ། །
ཤེས་རབ་རྣམ་པ་བཞི་ (5)
Part of speech མིང་ཚིག
Definition གང་སྐྱོང་ཞིང་མངོན་དུ་བྱེད་པ་མ་ཡིན་པ་དག་གི་ཤེས་རབ། གང་མངོན་དུ་བྱེད་ཅིང་སྐྱོ་བ་མ་ཡིན་པ་དག་གི་ཤེས་རབ། གང་སྐྱོ་བ་དང་མངོན་དུ་བྱེད་པའི་ཤེས་རབ། གང་སྐྱོ་བ་མ་ཡིན་མངོན་དུ་བྱེད་པ་མ་ཡིན་པ་དག་གི་ཤེས་རབ་བོ། །
ཤེས་རབ་རྣམ་པ་བཞི་ (6)
Part of speech མིང་ཚིག
Definition དོན་སོ་སོར་ཡང་དག་པར་རིག་པ། ཆོས་སོ་སོར་ཡང་དག་པར་རིག་པ། ངེས་པའི་ཚིག་སོ་སོར་ཡང་དག་པར་རིག་པ། སྤོབས་པ་སོ་སོར་ཡང་དག་པ་རིག་པའོ། །
ཤེས་རབ་རྣམ་པ་བཞི་ (7)
Part of speech མིང་ཚིག
Definition རྡོ་རྗེའི་ཏིང་འཛིན་གྱི་ཆོས་ཀྱི་ཡི་གེ་ལས་བྱུང་བ་སྟེ། ཐུབ་པའི་ཤེས་རབ་སྟེ། འདི་ནི་མི་གཡོ་བ་བཞིན་ནོ། །འགྱུར་བའི་ཤེས་རབ་སྟེ། དེ་ནི། ཐབས་ཀྱིས་ནི། བཤིག་པའོ། །མྱ་ངན་ལས་འདས་པའི་ཤེས་རབ་ནི། དེ་ནི། གློག་གི་ཚོར་བ་བསལ་བའོ། །མཐའ་ཡུན་གྱི་ཤེས་རབ་སྟེ། ཡང་དག་པའི་ཆོ་ག་ཚང་བའི་ལམ་དུ་འཇུག་པའོ། །