9003

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཞི་དུས་ཀྱི་བར་དོ་ (1)
Part of speech མིང་ཚིག
Definition བར་དོ་དངོས་སམ་བར་སྲིད་ཀྱི་མིང་སྟེ། འཆི་སྲིད་དང་སྐྱེ་སྲིད་གཉིས་ཀྱི་བར་དུ་གྲུབ་པས་ན་སྲིད་པ་བར་མ་ཟེར། སྤྱིར་བར་དོ་བྱ་བ་ནི། སྐྱེ་བ་སྔ་མ་ནས་ཤི་འཕོས་པའི་རྗེས་སུ་སྐྱེ་བ་ཕྱི་མར་སྐྱེ་བ་ལེན་མ་ཐུབ་པར་གནས་པའི་རིང་དེ་ལ་བར་དོ་ཟེར། དེ་ཡང་ཐ་མལ་པའི་མི་ཕལ་ཆེ་བ་ཤི་བའི་རྗེས་སུ་རྣམ་པར་ཤེས་པ་དེ་ཚེ་འདིའི་ལུས་དང་ཁ་བྲལ་ཏེ་སྐྱེ་བ་ཕྱི་མའི་ལུས་མ་བླངས་ཀྱི་བར་ཞག་བདུན་ཕྲག་གཅིག་ནས་བདུན་ཕྲག་བདུན་བར་དུ་སྡོད་དགོས་པ་ཡོང་ཞིང༌། དེ་འདྲའི་བར་དོ་བ་དེ་ཡི་ལུས་ནི་ཡིད་ཀྱི་རང་བཞིན་གྱི་ལུས་ཡིན་པས་རང་གི་གང་བསམ་པ་དེར་སླེབས་ཐུབ་པ་དང་དབང་པོ་ཀུན་ཚང་བ། ལས་ལས་སྐྱེས་པའི་རྫུ་འཕྲུལ་དང་ལྡན་པ། མ་ཡི་མངལ་སྒོ་དང༌། རྡོ་རྗེ་གདན་མ་གཏོགས་ས་རྡོ་རི་བྲག་སོགས་གང་ལ་ཡང་ཐོགས་པ་མེད་པ་བཅས་ཀྱི་ཁྱད་ཆོས་དང་ལྡན་པ་ཡིན། བར་དོ་བ་དེ་ལ་རང་ཉིད་སྐྱེ་བ་ཕྱི་མ་འགྲོ་བ་རིགས་དྲུག་གི་གནས་གང་དུ་སྐྱེས་ན་དེའི་འཆར་སྣང་གསལ་པོ་ཡོད་པ་དང༌། མི་རྣམས་ཤི་བའི་རྗེས་སུ་ཞག་བདུན་ཕྲག་བདུན་གྱི་རིང་ཕ་མ་བུ་ཕྲུག་དང༌། ཉེ་འབྲེལ་རྣམས་ཀྱིས་མཆོད་འབུལ་སོགས་དགེ་བ་སྟོབས་ཆེན་བསྒྲུབ་ཐུབ་ན་གཤིན་པོ་དེ་ཉིད་སྐྱེ་མ་ཕྱི་མ་ངན་སོང་དུ་སྐྱེ་མཁན་ཞིག་ཡིན་ཡང་ལས་ངན་བཟློག་ནས་སྐྱེ་བ་བཟང་པོར་གནས་འཕོ་ཐུབ་པ་ཡོང་ཞེས་བཤད་སྲོལ་ཡོད།
Domain ཆོས་ལུགས།

{{#arraymap:གཞི་དུས་ཀྱི་བར་དོ་

|; |@@@ | | }}