90030

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤེས་རབ་རྣམ་པར་དབྱེ་བར་འགྱུར་བའི་ཏིང་ངེ་འཛིན་ (1)
Part of speech མིང་ཚིག
Definition མདོ། མངོན་པ། ཏིང་ངེ་འཛིན་སྒོམ་པ་བཞིའི་ནང་གསེས་ཤིག་སྟེ། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་གོང་ནས་གོང་དུ་ཁྱད་པར་དུ་འགྱུར་བར་བྱེད་པའི་ཏིང་ངེ་འཛིན་ཞིག་སྟེ། སེར་སྨད་རྒྱལ་དབང་མཛོད་ལས། ཁམས་གསུམ་གང་རུང་གིས་བསྡུས་པའི་སྦྱོར་བྱུང་གི་ཡོན་ཏན་མི་སྡུག་པ་དང༌། དབུགས་འབྱུང་རྔུབ་དྲན་པ་དང༌། ཉོན་མོངས་མེད་པ་དང༌། སྨོན་གནས་ཤེས་པ་སོགས་ནས། ཐོད་རྒལ་གྱི་སྙོམས་འཇུག་དང༌། ཟག་ཟད་ཀྱི་མངོན་ཤེས་ལ་སོགས་པ་རྣམས་ནི་སྐབས་འདིའི་དངོས་བསྟན་གྱི་ཤེས་རབ་རབ་ཏུ་རྣམ་པར་དབྱེ་བར་འགྱུར་བའི་ཏིང་ངེ་འཛིན་ཅེས་བྱ་སྟེ། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་གོང་ནས་གོང་དུ་ཁྱད་པར་དུ་འགྱུར་བའི་ཕྱིར། ཞེས་གསུངས།
Domain ཆོས་ལུགས།

{{#arraymap:ཤེས་རབ་རྣམ་པར་དབྱེ་བར་འགྱུར་བའི་ཏིང་ངེ་འཛིན་

|; |@@@ | | }}