90038

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤེས་རབ་ལྟ་བའི་གདམས་ངག་གསུམ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། གདམས་ངག་གསུམ་ལ་གསུམ་ཚོ་ལྔ་ཡོད་པའི་ནང་གསེས་གསུམ་ཚོ་གཅིག་ཡིན། མདོ་དགོངས་པ་འདུས་པའི་ལེའུ་གཉིས་པ་ལས། དོན་བཙལ་བར་བྱའོ། །དགོས་ཆེད་བརྟག་པར་བྱའོ། །ངེས་པ་རྙེད་པར་བྱའོ། །ཞེས་པའི་དོན། གཟི་ལྡན་འཆར་ཁའི་འོད་སྣང་ལས་བྱུང་བ་ལྟར། ཐོས་པའི་ཤེས་རབ་ཀྱིས་ཇི་བཞིན་པ་དེ་ཁོ་ན་ཉིད་ཐབས་ཁྱད་པར་ཅན་གྱི་གཏན་ཚིགས་ལ་བརྟེན་ནས་བཙལ་བ་ལ་འབད་པར་བྱ་བ་དང། བསམ་པའི་ཤེས་རབ་ཀྱིས་དེ་ལ་དགོས་ཆེད་ཅི་ཡོད་པ་ཐམས་ཅད་བྱས་ཏེ་དོན་ལ་ངེས་པར་བརྟགས་པར་བྱ་བ་དང། བསྒོམ་པའི་ཤེས་རབ་ཀྱིས་དེ་ལྟར་བཙལ་བས་ལྟ་བའི་གནད་ཚུལ་དེ་གདེང་རྙེད་པས་དོན་མཐོང་བར་བྱ་བ་བཅས་གསུམ་མོ། །
Domain [ཆོས་ལུགས།, ལྟ་གྲུབ།]

{{#arraymap:ཤེས་རབ་ལྟ་བའི་གདམས་ངག་གསུམ་

|; |@@@ | | }}