90051

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤེས་རབ་སྤྱོད་པའི་ཕན་ཡོན་བཅུ་ (1)
Part of speech མིང་ཚིག
Definition ༡ བདོག་པ་ཐམས་ཅད་ཡོངས་སུ་གཏོང་ལ་སྦྱིན་པས་དག་པར་རློམ་སེམས་མི་བྱེད་པ་ཡིན། ༢ ཚུལ་ཁྲིམས་མ་དྲལ་ཞིང་ཚུལ་ཁྲིམས་ལ་མི་གནས་པ་ཡིན། ༣ བཟོད་པའི་སྟོབས་ལ་གནས་ལ་སེམས་ཅན་དུ་འདུ་ཤེས་པ་ལ་མི་གནས་པ་ཡིན། ༤ བརྩོན་འགྲུས་བརྩམས་ལ་ལུས་དང་སེམས་དབེན་པ་ཡིན། ༥ བསམ་གཏན་ལ་བསམ་གཏན་དུ་བྱེད་ཅིང་མི་གནས་པའི་བསམ་གཏན་པ་ཡིན། ༦ བདུད་རྣམས་ཀྱིས་ཐུབ་པར་དགའ་བ་ཡིན། ༧ ཕ་རོལ་རྒོལ་བ་ཐམས་ཅད་ཀྱིས་རབ་ཏུ་མི་སྒུལ་བ་ཡིན། ༨ འདུ་བྱེད་འཇུག་པ་ཐམས་ཅད་ལ་སྣང་བ་ཐོབ་པ་ཡིན། ༩ སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་རྒྱ་ཆེར་འཇུག་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལ་རེ་བ་མེད་པ་ཡིན། ༡༠ སངས་རྒྱས་ཀྱི་བསམ་གཏན་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་ལ་རབ་ཏུ་འཇུག་པ་ཡིན་པའོ། །
Domain ཆོས་ལུགས།

{{#arraymap:ཤེས་རབ་སྤྱོད་པའི་ཕན་ཡོན་བཅུ་

|; |@@@ | | }}