90060

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤེས་རྣམ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཤེས་རྣམ་ནི། སྔོན་གྱི་སློབ་དཔོན་འགའ་ཞིག་ནི། ཡུལ་ཅན་ཡེ་ཤེས་ཀྱི་ཁྱད་པ་ལ་ཤེས་རྣམ་སྟེ། གང་ཟག་གི་བདག་མེད་རྟོགས་པ་དང་། ཆོས་ཀྱི་བདག་མེད་རྟོགས་པའི་ཡེ་ཤེས་གཉིས་སོ། །ཞེས་བཤད་པ་ལྟར་རོ་ཞེས་ཀུན་མཁྱེན་རོང་སྟོན་གྱི་རྣམ་བཤད་ཚིག་དོན་རབ་གསལ་ལས་སོ། ། ཡུལ་ལ་དམིགས་པའི་འཛིན་སྟངས་ཀྱི་ཁྱད་པར་དེ། ཤེས་རྣམ་གྱི་མཚན་ཉིད། དབྱེ་ན། མི་མཐུན་ཕྱོགས་ཀྱི་ཤེས་རྣམ་དང། གཉེན་པོའི་ཤེས་རྣམ་གཉིས། ཡུལ་ལ་ཕྱིན་ཅི་ལོག་ཏུ་ཞུགས་པའི་བློ་དེ། དང་པོའི་མཚན་ཉིད། དེ་ནི་སྒྲ་རྟག་འཛིན་རྟོག་པ་ལྟ་བུའོ། །ཡུལ་གནས་ཚུལ་དང་མཐུན་པར་ཞུགས་པའི་བློའི་འཛིན་སྟངས་དེ། གཉིས་པའི་མཚན་ཉིད། དེ་ནི་སྒྲིབ་པར་རྟོགས་པའི་རྟོགས་པ་ལྟ་བུའོ་ཞེས་པཎ་ཆེན་ཤཱཀ་མཆོག་གི་རྒྱན་འགྲེལ་ལུང་དོན་རྒྱ་མཚོ་ལས་སོ། །
Domain ཆོས་ལུགས།

{{#arraymap:ཤེས་རྣམ་

|; |@@@ | | }}