90064
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། ཐེག་ཆེན། སྒྲིབ་པ་གཉིས་ཀྱི་ཡ་གྱལ་ཞིག་སྟེ། མཚན་ཉིད། མཁས་གྲུབ་བསྟན་དར་བའི་དབུ་མའི་མཐའ་དཔྱོད་ལས། བློ་གཅིག་གིས་བདེན་གཉིས་དུས་ཅིག་ཅར་དུ་མངོན་སུམ་དུ་རྟོགས་པ་ལ་གཙོ་བོར་གེགས་བྱེད་ཀྱི་སྒྲིབ་པའི་རིགས་སུ་གནས་པ། ཤེས་སྒྲིབ་ཀྱི་མཚན་ཉིད། དེ་ལ་མངོན་གྱུར་པ་དང༌། དེའི་བག་ཆགས་ཀྱི་ཆ་གཉིས། ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:ཤེས་སྒྲིབ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | སྒྲིབ་གཉིས་གང་རུང་ཡང་ཡིན། གཙོ་བོར་ཐམས་ཅད་མཁྱེན་པ་ཐོབ་པ་ལ་གེགས་བྱེད་པའི་རིགས་སུ་གནས་པ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པའི་སྒྲིབ་པ། དེའི་མཚན་ཉིད། དེ་ལ་དབྱེ་ན། ཁོ་རང་ཡིན་པར་གྱུར་པའི་འཇུག་པ་གཟུང་རྟོག ལྡོག་པ་གཟུང་རྟོག རྫས་འཛིན་རྟོག་པ། བཏགས་འཛིན་རྟོག་པ་སྟེ་བཞི་ཡོད་ལ། དེ་ཡང་འདོད་པའི་སས་བསྡུས་ཀྱི་བཞི་པོ་དེ་ལ་ཆུང་འབྲིང་ཆེན་པོ་གསུམ་གསུམ་དུ་ཕྱེ་བའི་བཅུ་གཉིས། དེ་རེ་རེ་ལ་ཆུང་ངུའི་ཆུང་ངུ་སོགས་གསུམ་གསུམ་དུ་ཕྱེ་བའི་སུམ་ཅུ་རྩ་དྲུག གཟུགས་ཀྱི་སས་བསྡུས་ཀྱི་དེ་བཞི་དང༌། གཟུགས་མེད་ཀྱི་སས་བསྡུས་ཀྱི་དེ་བཞི་ལ་ཡང་དེ་བཞིན་དུ་ཕྱེ་བའི་སུམ་ཅུ་རྩ་དྲུག་སྟེ་ཀུན་དྲིལ་པའི་བརྒྱ་དང་བརྒྱད་ཡོད་དོ། ། |
{{#arraymap:ཤེས་སྒྲིབ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | གཙོ་བོར་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་ལ་བར་དུ་གཅོད་པའི་རིགས་སུ་གནས་པའི་སྒྲིབ་པར་དམིགས་པ། ཤེས་སྒྲིབ་ཀྱི་མཚན་ཉིད། དེ་ལ་དབྱེ་ན། ཤེས་སྒྲིབ་མངོན་གྱུར་གྱི་ཆ་དང༌། ས་བོན་གྱི་ཆ་གཉིས། དང་པོ་ལ་བརྒྱ་དང་བརྒྱད་ཡོད་དེ། ཤེས་སྒྲིབ་འཇུག་པ་གཟུང་རྟོག་དགུ། ལྡོག་པ་གཟུང་རྟོག་དགུ། རྫས་འཛིན་རྟོག་པ་དགུ། རྟག་འཛིན་རྟོག་པ་དགུ་ལ་ཁམས་གསུམ་གྱི་དབྱེ་བས་དེ་ལྟར་ཡོད་པའི་ཕྱིར། གཉིས་པ་ནི་ཤེས་སྒྲིབ་རྟོག་པ་དེ་རྣམས་སྔ་མ་སྔ་མས་ཕྱི་མ་ཕྱི་མ་སྐྱེད་པའི་ནུས་པ་ལ་ཤེས་སྒྲིབ་ཀྱི་ས་བོན་གྱི་ཆ་ཞེས་བརྗོད་དེ། འདི་ནི་ཤེས་སྒྲིབ་མཚན་ཉིད་པ་ཁོ་ན་ཡིན་ནོ། ། |
{{#arraymap:ཤེས་སྒྲིབ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ཤེས་བྱའི་གནས་ལུགས་ཡོངས་སུ་ཤེས་པ་ལ་སྒྲིབ་པར་བྱེད་པའི་ཤེས་པ་དང་དེའི་བག་ཆགས་གང་རུང་ཞིག་ལ་ཤེས་སྒྲིབ་ཅེས་འཇོག སྒྲིབ་པ་གཞིར་བཅས་ལ་ཐར་པ་དང་ཐམས་ཅད་མཁྱེན་པ་གཉིས་ཀྱི་ནང་ནས་གཙོ་བོ་ཐམས་ཅད་མཁྱེན་པ་ཐོབ་པ་ལ་བར་དུ་གཅོད་པའི་སྒྲིབ་པའི་རིགས་སུ་གནས་པ་ཤེས་སྒྲིབ་ཀྱི་ངོ་བོ། ཞེས་གསུངས་སོ། ། |
{{#arraymap:ཤེས་སྒྲིབ་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | ཤེས་སྒྲིབ་ཀྱི་མཚན་ཉིད་ནི། གཙོ་བོར་ཐམས་ཅད་མཁྱེན་པ་ཐོབ་པ་ལ་གེགས་བྱེད་གང་ཞིག། ཆོས་ཀྱི་བདག་མེད་མངོན་སུམ་དུ་མཐོང་ཟིན་གོམས་པའི་སྟོབས་ཀྱིས་གཞོམ་བྱར་གྱུར་པའོ། །མཚན་གཞི་ནི། སོ་སོ་སྐྱེ་བོའི་རང་རྒྱུད་ཀྱིས་མ་བསྡུས་པའི་ཆོས་ཇི་སྙེད་པ་ལ་བདེན་པར་འཛིན་པའི་བློ་དང། འཕགས་རྒྱུད་ཀྱི་བདེན་འཛིན་ཡང་སྲིད་འགྲུབ་བྱེད་ཀྱི་རྒྱུ་མ་ཡིན་པ་མཐའ་དག་གོ ། ཞེས་པཎ་ཆེན་ཤཱཀ་མཆོག་གི་དབུ་འཇུག་དཀའ་གནད་ཀུ་མུད་ཕྲེང་མཛེས་ལས་གསུངས་སོ། ། རྒྱུད་བླ་མར། འཁོར་གསུམ་རྣམ་པར་རྟོག་པ་གང་། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །ཅེས་པའི་ཤེས་སྒྲིབ་དེ་ཉིད་ཇི་སྲིད་དབུ་མའི་ལྟ་བ་རྒྱུད་ལ་མ་སྐྱེས་ཀྱི་བར་དུ་དངོས་པོ་ལ་བདེན་པར་འཛིན་པའི་བདེན་འཛིན་ཁོ་ན་ཡིན་ལ། དབུ་མའི་ལྟ་བ་རྒྱུད་ལ་སྐྱེས་ནས། མཐོང་ལམ་མ་ཐོབ་ཀྱི་བར་དུ་ཡུལ་གྱི་ཕྱོགས་སུ་ཞེན་པ་ཡིན་ན། གཟུང་རྟོག་དང། ཡུལ་ཅན་གྱི་ཕྱོགས་སུ་ཞེན་ན་མོས་པ་ཡིད་བྱེད་ཀྱི་བཏགས་འཛིན་རྟོག་པ་ཡིན་ལ། ཆོས་རང་བཞིན་མེད་པར་རྟོགས་པའི་མཐོང་ལམ་སྐྱེས་ཕྱིན་ཆད་བདེན་འཛིན་མེད་པའི་གཟུང་རྟོག་དང། དེ་ཁོ་ན་ཉིད་ཡིད་བྱེད་ཀྱི་བཏགས་འཛིན་རྟོག་པ་ཡིན་ནོ། །དེས་ན་ཤེས་སྒྲིབ་ལ་བདེན་འཛིན་ཡོད་པ་དང། མེད་པ་གཉིས་ལས། སྔ་མ་ཡན་ལག་བཅུ་གཉིས་ཀྱིས་བསྡུས་པའི་མ་རིག་པའི་རྒྱུ་ཡིན་པས་ཉོན་མོངས་ཀྱི་མིང་གིས་བཏགས་པ་ཡོད་ལ། ཕྱི་མ་ལ་ཡང་ཡུལ་ལ་མངོན་པར་ཞེན་པའི་ཆ་ནས་ཉོན་མོངས་ཀྱི་མིང་གིས་བཏགས་པ་ཡང་ཡོད་དོ། ། ཡང་དེ་ཉིད་ལས། ཕུང་པོ་ལ་དམིགས་ནས་བདེན་པར་འཛིན་པའི་བློ་ནི་ཆོས་ཀྱི་བདག་འཛིན་ཡིན་པས་ཤེས་སྒྲིབ་ཡིན་ལ། རྒྱུད་བླར་བྱང་ཆུབ་ཀྱི་ལེའུ་སྐབས་སུ་ཉོན་མོངས་ཀྱི་བག་ཆགས་དེ་ཡང་ཤེས་སྒྲིག་ཏུ་བཤད་ཅིང་། འཇུག་འགྲེལ་ལས་ཀྱང་། དེ་ལྟར་དུ་གསུངས་པས་དེ་ཡང་ཤེས་སྒྲིབ་ཏུ་ཁས་བླང་བར་བྱའོ། །རྒྱུད་བླར་ཕན་ཡོན་ལེའུ་ལས། འཁོར་གསུམ་རྣམ་པར་རྟོག་པའི་བློ་ཤེས་སྒྲིབ་ཏུ་བཤད་པས། བསྡུ་ན་འདི་ལྟར་འགྱུར་ཏེ། ཤེས་སྒྲིབ་ལ་རྣམ་རྟོག་མངོན་གྱུར་བ་དང་། བག་ཆགས་གཉིས། དང་པོ་ལ་བདེན་འཛིན་ཡོད་པ་དང་མེད་པ་གཉིས། ཕྱི་མ་ལ་ཤེས་སྒྲིབ་ཀྱི་རྣམ་པར་རྟོག་པའི་བག་ཆགས་དང་། ཉོན་མོངས་པའི་བག་ཆགས་གཉིས་སོ། །ཞེས་ཀུན་མཁྱེན་གོ་རམས་པའི་ལྟ་བའི་ཤན་འབྱེད་ལས་གསུངས་སོ། ། |
{{#arraymap:ཤེས་སྒྲིབ་
|; |@@@ | | }}