90065

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤེས་སྒྲིབ་ཀུན་ནས་ཉོན་མོངས་གཟུང་རྟོག་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཀུན་ནས་ཉོན་མོངས་ཕྱོགས་ཀྱི་ཆོས་ལ་དམིགས་ནས་དེ་ལོངས་སྤྱད་བྱར་བདེན་པར་འཛིན་པ་ཞིག་ལ་འཇོག་པ་ཡིན་ནོ། །མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་མཐའ་དཔྱོད་ལས། རང་གི་དམིགས་ཡུལ་དུ་གྱུར་པའི་ཀུན་ནས་ཉོན་མོངས་ཕྱོགས་ཀྱི་བདེན་པ་ལ་དམིགས་ནས་ལོངས་སྤྱད་བྱར་བདེན་པར་ཞེན་པའི་རིག་པ་དེ། ཤེས་སྒྲིབ་ཀུན་ནས་ཉོན་མོངས་གཟུང་རྟོག་གི་མཚན་ཉིད། དེ་ལ་དབྱེ་ན། ཉོན་མོངས་ཅན་གྱི་མ་རིག་པ་ལ་དམིགས་ནས་ལོངས་སྤྱད་བྱར་བདེན་པར་འཛིན་པའི་བདེན་འཛིན་སོགས་དགུ་ཡོད། ཅེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:ཤེས་སྒྲིབ་ཀུན་ནས་ཉོན་མོངས་གཟུང་རྟོག་

|; |@@@ | | }}