90066

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤེས་སྒྲིབ་གཟུང་རྟོག་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཤེས་སྒྲིབ་བཟུང་རྟོག་དང་འཛིན་རྟོག་གང་རུང་ཡང་ཡིན། རང་གི་དམིགས་པར་གྱུར་པའི་གཟུང་པའི་ཆོས་ལ་དམིགས་ནས་ལོངས་སྤྱད་བྱར་བདེན་པར་ཞེན་པའི་རབ་ཏུ་ཕྱེ་བ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ། དང་པོའི་མཚན་ཉིད། དེ་ལ་དབྱེ་ན། ཤེས་སྒྲིབ་ཀུན་ནས་ཉོན་མོངས་གཟུང་རྟོག་དང༌། རྣམ་བྱང་གཟུང་རྟོག་གཉིས་སུ་ཡོད། དེ་གཉིས་གང་རུང་ཡང་ཡིན། རང་གི་དམིགས་པར་གྱུར་པའི་ཀུན་ནས་ཉོན་མོངས་ཕྱོགས་ཀྱི་གཟུང་བ་ལ་དམིགས་ནས་ལོངས་སྤྱད་བྱར་བདེན་པར་ཞེན་པའི་རབ་ཏུ་ཕྱེ་བ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་ཞེན་རིག དང་པོའི་མཚན་ཉིད། དེ་གཉིས་གང་རུང་ཡང་ཡིན། རང་གི་དམིགས་པར་གྱུར་པའི་རྣམ་བྱང་གི་གཟུང་བ་ལ་དམིགས་ནས་ལོངས་སྤྱད་བྱར་བདེན་པར་ཞེན་པའི་རབ་ཏུ་ཕྱེ་བ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་ཞེན་རིག གཉིས་པའི་མཚན་ཉིད། དང་པོ་ནི། མ་རིག་པ་ལ་དམིགས་ནས་ལོངས་སྤྱད་བྱར་བདེན་པར་འཛིན་པའི་བདེན་འཛིན་ལྟ་བུ། གཉིས་པ་ནི། མཐོང་ལམ་ལ་དམིགས་ནས་དེ་ལྟར་དུ་འཛིན་པའི་དེ་ལྟ་བུ། དེས་ན་དེ་གཉིས་འགལ་བ་ཡིན་ཏེ། འགྲེལ་ཆེན་ལས། ཀུན་ནས་ཉོན་མོངས་ཕྱོགས་ཀྱི་གཞི་ལ་བརྟེན་པ་ནི་དང་པོ་ཡིན་ལ། རྣམ་བྱང་གི་གཞི་ལ་བརྟེན་པ་ནི་གཉིས་པ་ཡིན་པས། འདི་གཉིས་ནི་ཕན་ཚུན་རྣམ་པར་གཅད་པའི་རང་བཞིན་ཡིན་པའི་ཕྱིར་འདི་གཉིས་ནི་ཐ་དད་པ་ཁོ་ན་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དེ་ཡང་སློབ་དཔོན་འཕགས་པ་གྲོལ་སྡེས། གཞི་དང་ཞེས་པས་གཞི་ཀུན་བྱང་གིས་བསྡུས་པའི་དངོས་པོ་སྤྱི་ལ་དམིགས་པའི་གཟུང་རྟོག་བསྟན། གཉེན་པོ་ཡི་ཞེས་པས་གཉེན་པོ་རྣམ་བྱང་གིས་བསྡུས་པའི་གཟུང་བ་ལ་དམིགས་པའི་གཟུང་རྟོག་བསྟན་པ་ཡིན་ལ། འདི་གཉིས་མི་འགལ་བ་ཡིན་ཏེ། དང་པོ་དེ་ཡིན་ན། ཕྱི་མ་དེ་ཡིན་དགོས་པའི་ཕྱིར། ཞེས་བཞེད་པ་ཡིན་ཏེ། ཉི་སྣང་ལས། དེ་ལ་གཟུང་བའི་རྣམ་པར་རྟོག་པ་དང་པོ་ནི་དངོས་པོ་ཐམས་ཅད་པ་ཁོ་ན་ཡིན་ལ། གཉིས་པ་ནི་རྣམ་པར་བྱང་བའི་དངོས་པོ་ཁོ་ན་ཡིན་ཏེ། འདི་གཟུང་བའི་རྣམ་པར་རྟོག་པ་འདི་དག་གི་ཁྱད་པར་ཡིན་ནོ། །དེ་ལྟར་བྱས་ན་བརྗོད་པ་གཟུང་བའི་རྣམ་པར་རྟོག་པ་དང་པོ་གང་ཡིན་པ་དེ་ནི་གཉིས་པ་ཡང་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དེས་ན་སློབ་དཔོན་དེ་ཉིད་དེ་ལྟར་བཞེད་པ་ཡིན་གྱི། གཞུང་འདིས་ཤེས་སྒྲིབ་གཟུང་རྟོག་ལ་ཀུན་ནས་ཉོན་མོངས་གཟུང་རྟོག་དང༌། རྣམ་བྱང་གཟུང་རྟོག་གཉིས་སུ་ཡོད་པར་བསྟན་ཅིང༌། དང་པོ་དེ་ཡིན་ན། ཕྱི་མ་དེ་ཡིན་པས་ཁྱབ་པར་བཞེད་པ་ནི་མ་ཡིན་ལ། སློབ་དཔོན་སེངྒེ་བཟང་པོས་གཞུང་འདིས་ཤེས་སྒྲིབ་གཟུང་རྟོག་ལ་གཉིས་སུ་ཡོད་པར་བསྟན་ཅིང༌། དེ་ཡང་གཞི་དང་ཞེས་པས་གཞི་ཀུན་ནས་ཉོན་མོངས་ཀྱིས་བསྡུས་པའི་གཟུང་བ་ལ་དམིགས་པའི་གཟུང་རྟོག་དང༌། གཉེན་པོ་ཡི་ཞེས་པས་གཉེན་པོ་རྣམ་བྱང་གིས་བསྡུས་པའི་གཟུང་བ་ལ་དམིགས་པའི་གཟུང་རྟོག་བསྟན་པར་བཞེད་དོ། །
Domain ཆོས་ལུགས།

{{#arraymap:ཤེས་སྒྲིབ་གཟུང་རྟོག་

|; |@@@ | | }}

ཤེས་སྒྲིབ་གཟུང་རྟོག་ (2)
Part of speech མིང་ཚིག
Definition རང་གི་དམིགས་པར་གྱུར་པའི་གཟུང་བྱའི་ཆོས་གཅིག་ལ་དམིགས་ནས་གཟུང་བྱར་བདེན་པར་ཞེན་པའི་བློ་དེ། ཤེས་སྒྲིབ་གཟུང་རྟོག་གི་མཚན་ཉིད་ཡིན། དེ་ལ་དབྱེ་ན། ཤེས་སྒྲིབ་ཀུན་ནས་ཉོན་མོངས་གཟུང་རྟོག་དང་། དེ་རྣམ་བྱང་གཟུང་རྟོག་གཉིས་ཡོད།

{{#arraymap:ཤེས་སྒྲིབ་གཟུང་རྟོག་

|; |@@@ | | }}

ཤེས་སྒྲིབ་གཟུང་རྟོག་ (3)
Part of speech མིང་ཚིག
Definition བཟུང་བའི་ཆོས་ལ་དམིགས་ནས་ལོངས་སྤྱད་བྱར་བདེན་པར་ཞེན་པའི་རིགས་སུ་གནས་པའི་རིག་པ། འདི་ལ་ཀུན་ནས་ཉོན་མོངས་བཟུང་རྟོག་དང༌། རྣམ་བྱང་བཟུང་རྟོག་གཉིས།

{{#arraymap:ཤེས་སྒྲིབ་གཟུང་རྟོག་

|; |@@@ | | }}

ཤེས་སྒྲིབ་གཟུང་རྟོག་ (4)
Part of speech མིང་ཚིག
Definition རང་གི་དམིགས་ཡུལ་དུ་གྱུར་པའི་གཟུང་པའི་ཆོས་ལ་དམིགས་ནས་གཟུང་བ་རུ་བདེན་པར་འཛིན་པའི་བདེན་འཛིན་ཞིག་ལ་འཇོག་པ་ཡིན་ནོ། །མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། དམིགས་ཡུལ་གཟུང་བའི་ཆོས་ལ་དམིགས་ནས་ལོངས་སྤྱོད་བྱར་བདེན་པར་འཛིན་པའི་བདེན་འཛིན་དེ། འདིར་བསྟན་ཤེས་སྒྲིབ་གཟུང་རྟོག་དང་། ཞེས་གསུངས་སོ། །དེ་ལ་དབྱེ་ན། ཤེས་སྒྲིབ་ཉོན་མོངས་གཟུངས་རྟོག་དང་། ཤེས་སྒྲིབ་རྣམ་བྱང་གཟུངས་རྟོག་གཉིས་ཡོད།

{{#arraymap:ཤེས་སྒྲིབ་གཟུང་རྟོག་

|; |@@@ | | }}