90073

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤེས་སྒྲིབ་འཛིན་རྟོག་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། འཛིན་པའི་ཆོས་ལ་དམིགས་ནས་ལོངས་སྤྱོད་བྱེད་དུ་བདེན་པར་ཞེན་པའི་རིགས་སུ་གནས་པའི་རིག་པ། ཤེས་སྒྲིབ་བཟུང་རྟོག་གི་མཚན་ཉིད། དེ་ལ་རྫས་འཛིན་རྟོག་པ་དང༌། བཏགས་འཛིན་རྟོག་པ་གཉིས།
Domain ཆོས་ལུགས།

{{#arraymap:ཤེས་སྒྲིབ་འཛིན་རྟོག་

|; |@@@ | | }}

ཤེས་སྒྲིབ་འཛིན་རྟོག་ (2)
Part of speech མིང་ཚིག
Definition ཤེས་སྒྲིབ་འཛིན་རྟོག་དང་དེ་གཟུང་རྟོག་གང་རུང་ཡང་ཡིན། རང་གི་དམིགས་པར་གྱུར་བའི་འཛིན་པའི་ཆོས་ལ་དམིགས་ནས་ལོངས་སྤྱོད་པ་པོར་བདེན་པར་ཞེན་པའི་རབ་ཏུ་ཕྱེ་བ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་ཞེན་རིག་ཏུ་དམིགས་པ། ཤེས་སྒྲིབ་འཛིན་རྟོག་གི་མཚན་ཉིད། དེ་ལ་དབྱེ་ན། ཤེས་སྒྲིབ་རྫས་འཛིན་རྟོག་པ་དང༌། དེ་བཏགས་འཛིན་རྟོག་པ་གཉིས་སུ་ཡོད། དེ་གཉིས་གང་རུང་ཡང་ཡིན། རང་གི་དམིགས་པར་གྱུར་པའི་རྫས་འཛིན་ལ་དམིགས་ནས་ལོངས་སྤྱོད་པ་པོར་བདེན་པར་ཞེན་པའི་རབ་ཏུ་ཕྱེ་བ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་ཞེན་རིག་ཏུ་དམིགས་པ། དང་པོའི་མཚན་ཉིད། དེ་གཉིས་གང་རུང་ཡང་ཡིན། རང་གི་དམིགས་པར་གྱུར་པའི་བཏགས་འཛིན་ལ་དམིགས་ནས་ལོངས་སྤྱད་པ་པོ་བདེན་པར་ཞེན་པའི་རབ་ཏུ་ཕྱེ་བ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་ཞེན་རིག་ཏུ་དམིགས་པ། གཉིས་པའི་མཚན་ཉིད། དང་པོ་ནི། གང་ཟག་གི་བདག་འཛིན་ལ་དམིགས་ནས་ལོངས་སྤྱོད་པ་པོར་བདེན་གྲུབ་ཏུ་འཛིན་པའི་བདེན་འཛིན་ལྟ་བུ། གཉིས་པ་ནི། གང་ཟག་གི་བདག་མེད་རྟོགས་པའི་ལྟ་བ་ལ་དམིགས་ནས་དེ་ལྟར་དུ་འཛིན་པའི་བདེན་འཛིན་ལྟ་བུའོ། །

{{#arraymap:ཤེས་སྒྲིབ་འཛིན་རྟོག་

|; |@@@ | | }}

ཤེས་སྒྲིབ་འཛིན་རྟོག་ (3)
Part of speech མིང་ཚིག
Definition རང་གི་དམིགས་པར་གྱུར་པའི་འཛིན་བྱེད་ཀྱི་ཆོས་གཅིག་ལ་དམིགས་ནས་འཛིན་བྱེད་དུ་བདེན་པར་ཞེན་པའི་བློ་དེ། ཤེས་སྒྲིབ་འཛིན་རྟོག་གི་མཚན་ཉིད་ཡིན། དེ་ལ་དབྱེ་ན། ཤེས་སྒྲིབ་རྫས་འཛིན་འཛིན་རྟོག་དང་དེ་བཏགས་འཛིན་འཛིན་རྟོག་གཉིས་སུ་ཡོད། ཁྱོད་ཡོད་ན་ཁྱོད་རང་སྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པས་བློ་དང༌། ཁྱོད་རྫས་ཡོད་དུ་འཛིན་པའི་བློ་གཉིས་རེ་རེ་ནས་རྫས་འཛིན་ཡིན་པས་ཁྱབ་ཅིང༌། ཁྱོད་ཡོད་ན་ཁྱོད་བཏགས་ཡོད་དུ་འཛིན་པའི་བློ་བཏགས་འཛིན་ཡིན་པས་ཁྱབ་བོ། །བུམ་པ་རྫས་ཡོད་དུ་འཛིན་པའི་བློ་རྫས་འཛིན་དང་དེ་བཏགས་ཡོད་དུ་འཛིན་པའི་བློ་བཏགས་འཛིན་ཡིན་ཀྱང༌། སྐབས་འདིར་དངོས་སུ་སྟོན་པའི་བཏགས་འཛིན་དང་རྫས་འཛིན་མིན་ཏེ། འདིར་དངོས་སུ་བསྟན་པའི་དེ་གང་རུང་ལ་རང་གི་དམིགས་པར་གྱུར་པའི་སྐྱེས་བུ་ལ་དམིགས་པའི་བློར་ངེས་པའི་ཕྱིར། དེས་ན་སྐྱེས་བུ་རྫས་ཡོད་དུ་འཛིན་པའི་བློ་ལ་དམིགས་ནས་འཛིན་བྱེད་དུ་བདེན་པར་ཞེན་པའི་བློ་གཞུང་འདིས་དངོས་སུ་བསྟན་པའི་རྫས་འཛིན་འཛིན་རྟོག་དང༌། སྐྱེས་བུ་བཏགས་ཡོད་དུ་འཛིན་པའི་བློ་ལ་དམིགས་ནས་འཛིན་བྱེད་དུ་བདེན་པར་ཞེན་པའི་བློ་གཞུང་འདིས་དངོས་སུ་བསྟན་པའི་བཏགས་འཛིན་འཛིན་རྟོག་ཡིན་ནོ། །སོ་སོའི་སྐྱེ་བོ་འཕགས་དབྱེ་བས། །ཞེས་སོགས་ཀྱིས། རྫས་འཛིན་སོ་སོ་སྐྱེ་བོའི་རྟེན་ཅན་དང༌། བཏགས་འཛིན་འཕགས་པའི་རྟེན་ཅན་དུ་སྟོན་པའི་རྒྱུ་མཚན་ཡོད་དེ། སྐྱེས་བུ་རྫས་ཡོད་དུ་འཛིན་པའི་བློ་དེ། སྐྱེ་འཕགས་གཉིས་ཀྱི་ནང་ནས་སོ་སྐྱེའི་རྟེན་ལ་ཤས་ཆེ་ཞིང༌། སྐྱེས་བུ་བཏགས་ཡོད་དུ་འཛིན་པའི་བློ་དེ་གཉིས་ཀྱི་ནང་ནས་འཕགས་པའི་རྟེན་ལ་ཤས་ཆེ་བའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར།

{{#arraymap:ཤེས་སྒྲིབ་འཛིན་རྟོག་

|; |@@@ | | }}

ཤེས་སྒྲིབ་འཛིན་རྟོག་ (4)
Part of speech མིང་ཚིག
Definition རང་གི་དམིགས་ཡུལ་དུ་གྱུར་པའི་འཛིན་པའི་ཆོས་ལ་དམིགས་ནས་དེ་ལོངས་སྤྱོད་བྱེད་དུ་བདེན་པར་འཛིན་པའི་བདེན་འཛིན་ཞིག་ལ་དེ་སྐད་བརྗོད་དོ། །མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། དམིགས་ཡུལ་འཛིན་པའི་ཆོས་ལ་དམིགས་ནས་ལོངས་སྤྱོད་བྱེད་དུ་བདེན་པར་འཛིན་པའི་བདེན་འཛིན་དེ་འདིར་བསྟན་ཤེས་སྒྲིབ་འཛིན་རྟོག་ཏུ་འཇོག་ལ། ཞེས་གསུངས་སོ། །དེ་ལ་དབྱེ་ན། ཤེས་སྒྲིབ་རྫས་འཛིན་རྟོག་པ་དང་། ཤེས་སྒྲིབ་བཏགས་འཛིན་རྟོག་པ་གཉིས་ཡོད།

{{#arraymap:ཤེས་སྒྲིབ་འཛིན་རྟོག་

|; |@@@ | | }}