90076
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། ཕར་ཕྱིན། རང་གི་དམིགས་པར་གྱུར་པའི་རྫས་འཛིན་གཅིག་ལ་དམིགས་ནས་འཛིན་བྱེད་དུ་བདེན་པར་ཞེན་པའི་བློ་དེ། ཤེས་སྒྲིབ་རྫས་འཛིན་འཛིན་རྟོག་གི་མཚན་ཉིད་ཡིན། དེ་ལ་སྐབས་འདིར་དམིགས་པའི་སྒོ་ནས་དབྱེ་ན། དགུ་དགུར་ཡོད་དོ། །ཁྱོད་ཡོད་ན་ཁྱོད་རང་སྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པས་བློ་དང༌། ཁྱོད་རྫས་ཡོད་དུ་འཛིན་པའི་བློ་གཉིས་རེ་རེ་ནས་རྫས་འཛིན་ཡིན་པས་ཁྱབ་ཅིང༌། ཁྱོད་ཡོད་ན་ཁྱོད་བཏགས་ཡོད་དུ་འཛིན་པའི་བློ་བཏགས་འཛིན་ཡིན་པས་ཁྱབ་བོ། །བུམ་པ་རྫས་ཡོད་དུ་འཛིན་པའི་བློ་རྫས་འཛིན་དང་དེ་བཏགས་ཡོད་དུ་འཛིན་པའི་བློ་བཏགས་འཛིན་ཡིན་ཀྱང༌། སྐབས་འདིར་དངོས་སུ་སྟོན་པའི་བཏགས་འཛིན་དང་རྫས་འཛིན་མིན་ཏེ། འདིར་དངོས་སུ་བསྟན་པའི་དེ་གང་རུང་ལ་རང་གི་དམིགས་པར་གྱུར་པའི་སྐྱེས་བུ་ལ་དམིགས་པའི་བློར་ངེས་པའི་ཕྱིར། དེས་ན་སྐྱེས་བུ་རྫས་ཡོད་དུ་འཛིན་པའི་བློ་ལ་དམིགས་ནས་འཛིན་བྱེད་དུ་བདེན་པར་ཞེན་པའི་བློ་གཞུང་འདིས་དངོས་སུ་བསྟན་པའི་རྫས་འཛིན་འཛིན་རྟོག་དང༌། སྐྱེས་བུ་བཏགས་ཡོད་དུ་འཛིན་པའི་བློ་ལ་དམིགས་ནས་འཛིན་བྱེད་དུ་བདེན་པར་ཞེན་པའི་བློ་གཞུང་འདིས་དངོས་སུ་བསྟན་པའི་བཏགས་འཛིན་འཛིན་རྟོག་ཡིན་ནོ། ། |
Domain | ཆོས་ལུགས། |
{{#arraymap:ཤེས་སྒྲིབ་རྫས་འཛིན་འཛིན་རྟོག་
|; |@@@ | | }}
Part of speech | མིང་ཚིག |
---|---|
Definition | རང་གི་དམིགས་པར་གྱུར་པའི་རྫས་འཛིན་ལ་དམིགས་ནས་འཛིན་པར་བདེན་པར་འཛིན་པའི་དེར་དམིགས་པ། ཤེས་སྒྲིབ་རྫས་འཛིན་རྟོག་པའི་མཚན་ཉིད། མཚན་གཞི་ནི། ལམ་བདེན་ལ་དམིགས་ནས་འཛིན་པར་བདེན་པར་འཛིན་པའི་རྟོག་པ་ཀུན་བརྟགས་ལ་བྱེད། |
{{#arraymap:ཤེས་སྒྲིབ་རྫས་འཛིན་འཛིན་རྟོག་
|; |@@@ | | }}