90087

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤོ་ (1)
Part of speech མིང་ཚིག
Definition བོད་ཀྱི་རྩེེད་རིགས་རྙིང་པ་ཞིག་སྟེ། ཤོ་རྩེ་བའི་སྐབས་སུ་ཤོ་རྡེལ་ཞེས་པ་རྡེལ་ལྔ་བཅུ་ལྷག་ཙམ་མམ་དྲུག་ཅུའི་སྐོར་དགོས་པ་དང༌། ཤོ་ཐུར་ཞེས་པ་ཐེའུ་རང་དཀར་ནག་ཁྲ་གསུམ་མཚོན་བྱེད་དུ་ཤོ་ཐུར་དཀར་པོ་དགུ། ནག་པོའམ་དམར་པོ་དགུ། ཁྲ་བོ་དགུ་བཅས་དགོས་ཀྱི་ཡོད་པ་རེད། སྤྱིར་བཏང་མི་གཉིས་དང་། གསུམ་ཙམ་གྱིས་མཉམ་དུ་རྩེ་ཆོག ཤོ་ནི་རྩེད་ཆས་ཁོ་ན་ཙམ་མ་ཟད་ད་རུང་བརྟག་སྤྱད་ཀྱི་ཤོ་དང་རྩེད་སྤྱད་ཀྱི་ཤོ ཤོ་མོ། མོ་ཤོ་བརྟག་ཤོ ཤོ་འདོར་བ། རྒྱན་བཙུགས་ནས་ཤོ་བརྒྱབ། ཤོ་རྩེད་རྒྱལ་བ། ཤོ་ལན་ལེན་པ་སོགས་ཡོད།
ཤོ་ (2)
Part of speech མིང་ཚིག
Definition སྟར་རམ་ཕྲེང་བསྒྲིགས་ཀྱི་དོན་ཏེ།
Example ལུག་རྣམས་ཤོ་བསྒྲིགས་ནས་འགྲོ་བ་ཞེས་པ་ལྟ་བུ།
ཤོ་ (3)
Part of speech མིང་ཚིག
Definition དཔྱ་ཁྲལ་གྱི་དོན་ཏེ།
Example ཚྭ་ཤོ། བལ་ཤོ། ཤོ་དཔོན་ཞེས་པ་ལྟ་བུ།
ཤོ་ (4)
Part of speech མིང་ཚིག
Definition ལོ་མང་སྐྱེ་བའི་རྩྭ་ལྡུམ་རིགས་ཤིག་གི་མིང་སྟེ། དེ་ལ་རྟ་ཤོ་དང་། ལུག་ཤོ ཆུ་ཤོ ཤོ་མང་། ཀླུང་ཤོ་སོགས་རིགས་མང་པོ་ཡོད།
ཤོ་ (1)
Part of speech བྱ་ཚིག
Definition ཁ་སྣ་སོགས་ཀྱི་མཐའ་དང་། གཡུ་བྱུར་སོགས་ཀྱི་ཨི་ཁུངས་ལ་རལ་སྐྱོན་བྱུང་བའི་དོན།
Keyword True
Example རྒད་པོ་དེ་ཁ་ཤོ་འདུག་ཅེས་དང་། བུ་མོ་དེ་སྣ་ཤོ་འདུག་ལྟ་བུ།
Transitive བྱ་བྱེད་ཐ་མི་དད་པ།
Verb Form གཟུགས་མི་འགྱུར་བ།