90095

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤོ་གམ་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། ལེགས་སྦྱར་གྱི་ཤུ་ལྐ་ཟུར་ཆག ལམ་ཁྲལ་དང་ཚོང་ཁྲལ་སོགས་ཀྱི་ཁྲལ་རིགས་ཏེ། བཙོང་བར་བྱ་བའི་རྫས་ཁོ་ན་ལ་ཤོ་གམ་འཇལ་དགོས་པ་ཡིན་ཏེ། ཇི་སྐད་དུ་བྱེ་བཤད་ལས། མཆོད་རྟེན་གྱི་དཀོར་ལ་ནི་ཤོ་གམ་སྦྱིན་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཉོ་ཚོང་བྱ་བའི་རྒྱུ་མི་འགྱུར་བའོ། །ཞེས་གསུངས་སོ། །དེས་མཚོན་ནས་དགེ་སློང་གི་འཚོ་བའི་ཡོ་བྱད་དང་། ལམ་རྒྱགས་དང་། ཕ་མ་དང་། དཀོན་མཆོག་གི་དངོས་པོ་ལ་ཤོ་གམ་འཇལ་མི་དགོས་པར་གསུངས་ཞིང་། རྒྱལ་པོའི་ལུགས་ཀྱི་བསྟན་བཅོས་ལས་ཀྱང་། བག་མ་གཏོང་ལེན་དང་། མཆོད་སྦྱིན་དང་། ལྟས་མཁན་དང་། ལྷ་ལ་མཆོད་པ་འབུལ་བ་དང་། གཙུག་ཕུད་འདྲེག་པ་དང་། དུས་སྟོན་དང་། གཙུག་ལག་ཁང་བརྩིག་པའི་རྫས་སོགས་ལ་ཤོ་གམ་འཇལ་མི་དགོས་པ་བཤད་དོ། །དེ་ཡང་སྐྱེ་དགུ་རྣམས་ཆོས་བཞིན་དུ་བསྲུང་སྐྱབས་བྱེད་པའི་རྒྱལ་པོ་ལ་བསྲུང་གླར་ཤོ་གམ་གཞལ་དགོས་པ་ཡིན་ཏེ། ཇི་སྐད་དུ། སྐྱེ་དགུ་ཉོན་མོངས་བསྲུང་བའི་ཕྱིར། །རྒྱལ་པོ་ལ་ནི་ཤོ་གམ་གཞལ། །གལ་ཏེ་དེ་ཡང་བསྲུང་བ་ཡིས། །ཉོ་ན་གླ་ནི་བུ་ལོན་ཡིན། །ཞེས་པཎ་ཆེན་ཤཱཀ་མཆོག་གི་འདུལ་མདོའི་སྣང་བྱེད་ཉི་མའི་ཤིང་རྟ་ལས་སོ། །
Domain ཆོས་ལུགས།

{{#arraymap:ཤོ་གམ་

|; |@@@ | | }}