90117

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤོ་མང་ (1)
Part of speech མིང་ཚིག
Definition ལོ་མང་སྐྱེ་བའི་ལྡུམ་བུའི་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སེར་སྐྱར་དམར་མདངས་ཅུང་ཟད་ལྡན་པའི་སྟོད་སྨད་ཅུང་ཕྲ་ཞིང་། དཀྱིལ་ཞེང་ཆེ་བའི་མཐའ་མཉམ་པའམ་ཡང་ན་ཉག་ག་ཆུང་ཆུང་ཡོད་པ། ངར་པ་ཕྲ་ལ་རིང་བའི་རྩ་བའི་མཚམས་སུ་ཟིལ་ཆུ་ལྟ་བུའི་འབྱར་ཚི་ཡོད་པ་ཁ་ཤས་གཞི་རྩ་ནས་མཉམ་དུ་འདྲོང་པོར་སྐྱེ་ཞིང༌། སྡོང་པོ་ལྗང་སེར་མདའ་སྨྱུག་ཙམ་པ་འདྲོང་ལ་རིང་བའི་གཞུང་དུ་ཤུར་རིས་དང་སྨྱུག་མ་ལྟ་བུའི་ཚིགས་པ་ཅན་ཁོག་སྟོང་རྒས་ཚེ་དམར་སྨུག་ཏུ་གྱུར་པའི་སྟོད་ནས་ཡལ་ག་ཐུང་ངུ་གྱེས་ཤིང་སྡོང་པོའི་ལོགས་ཀྱི་ལོ་མ་ཆུང་ཞིང་ངར་པ་ཐུང་བ། མེ་ཏོག་དམར་སྐྱ་ཆུང་ལ་མང་བ་རྣམས་བརྩེགས་ལྡན་མེ་ཏོག་བང་རིམ་བཞིན་སྡོང་པོ་དང་ཡལ་གའི་རྩེར་འཆར་ཞིང༌། འབྲས་བུ་ཆུང་ངུ་གཟེ་མ་ར་མགོའི་དབྱིབས་འདྲ་བ་ཟུར་སྲབ་མོ་གསུམ་རེ་གཤོག་པ་ལྟར་འདོགས་པ་སྟེ། བོད་ཡོངས་ཀྱི་གྲོང་པའི་ཉེ་འཁོར་དང༌། ལྷས་རྭ། ཞིང་མུ། འདམ་རྫབ། ཡུར་བུའི་མཐའ་སོགས་བརླན་གཤེར་ཆེ་བའི་སར་སྐྱེ་བ་མང༌། རྩ་བ་བོད་ཟླ་བརྒྱད་པའི་ནང་བཏུས་ཏེ་གཙང་མ་བཀྲུས་རྗེས་གཏུབ་ནས་སྐམ་ཐོག་སྨན་དུ་སྤྱོད་རྒྱུ། རོ་མངར་ལ་ཁ་བ། ཞུ་རྗེས་མངར་བ། ནུས་པ་འཇམ་ལ་བསིལ་བས་རྨ་ཚད་སེལ་ཞིང༌། སྐྲངས་པོ་འཇོམས་པ་དང༌། སྲིན་ནད་སོགས་ལ་ཕན་པ་ཡིན།

{{#arraymap:ཤོ་མང་

|; |@@@ | | }}