90148

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཤོག་ (1)
Part of speech བྱ་ཚིག
Definition ཚུར་འོང་བར་བསྐུལ་བའི་དོན།
Keyword True
Example དེ་རིང་ངའི་ནང་ལ་ཤོག། ཅ་ལག་དེ་ཁྱེར་ཤོག་དང་ལྟ་བུ།
Transitive བྱ་བྱེད་ཐ་མི་དད་པ།
Verb Form གཟུགས་མི་འགྱུར་བ།
ཤོག་ (1)
Part of speech གྲོགས་ཚིག
Definition བྱ་ཚིག་འགའ་ཞིག་གི་མཐར་སྦྱར་ན་སྨོན་པའི་དོན་དུ་འཇུག་སྟེ།
Example ཅི་འདོད་ཐམས་ཅད་འགྲུབ་པར་ཤོག གཏན་དུ་བདེ་བ་འཐོབ་པར་ཤོག་ལྟ་བུ།
ཤོག་ (1)
Part of speech མིང་ཚིག
Definition ཕྱོགས་ཁག་གམ་སྡེ་ཚན་གྱི་དོན་ཏེ།
Example རུ་ཤོག་དང་པོ། ཤོག་ཁ་བསྒྲིགས། ཤོག་ཁའི་འགོ་བ་ལྟ་བུ།
ཤོག་ (2)
Part of speech མིང་ཚིག
Definition ཤོག་བུ་ཡི་བསྡུས་ཚིག་སྟེ།
Example སྣག་ཤོག ཤོག་ངོས། ཤོག་ལྡེབ། ཤོག་གྲངས་ལྟ་བུ།