9022
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག ཇོ་ནང་། གཞི་བསྒྱུར་བའི་ལམ་ནི། གྲོལ་བྱེད་ཀྱི་ལམ་གྱི་དབང་དུ་བྱས་པ་ཡིན་ཏེ། གཞི་ནི་སྣོད་བཅུད་སོགས་དང་བསྒྱུར་བ་ནི་ཆོས་དེ་རྣམས་མཐར་སྣང་མེད་ཁོ་ན་སྐྱེལ་བར་མི་བྱེད་པར་ལྷ་སྐུ་བདེ་ཆེན་སོགས་གཞིའི་ཆོས་རྣམས་རྣམ་པ་ཕྱེད་འདྲ་བ་ཙམ་དུ་བསྒྱུར་བ་ནི་བསྒྱུར་བའོ། །གཞིའི་གནས་ཚུལ་རྟོགས་པར་བྱེད་པ་ནི་ལམ་ཏེ། ཇོ་ནང་ཏཱ་ར་ནཱ་ཐའི་བསྐྱེད་རིམ་གྱི་རྣམ་པར་བཤད་པ་དངོས་གྲུབ་ཉེར་འཚོ་ལས། སྤྱིར་ཐེག་པ་གསུམ་གྱི་ལམ་ཐམས་ཅད་གྲོལ་བྱེད་ཀྱི་ལམ་ཡིན་ཡང་། གསང་སྔགས་རྣལ་འབྱོར་བླ་ན་མེད་པའི་ཕྱོགས་འདིར་སྐབས་སུ་བབ་པ་སྨིན་གྲོལ་གཉིས་ཀྱི་ཟླས་ཕྱེ་བའི་གྲོལ་བྱེད་ལམ་གྱི་ངོ་བོ་ཅི་ཞེ་ན། གཞི་སྒྱུར་བའི་ལམ་ཁྱད་པར་ཅན་ལ་འཇོག་པ་ཡིན་ནོ། །དེ་ལ་ཐེག་པ་སྤྱི་ལ་གྲགས་པའི་གནས་གྱུར་དང་། སྔགས་པ་ཕལ་ལ་གྲགས་པའི་གཞི་སྒྱུར་བ་དང་། ཆོས་འདི་ལ་གྲགས་པའི་སྒྲིབ་བྲལ་དུ་བྱེད་པ་ཞེས་པ་རྣམས་དོན་གྱི་འགངས་འདྲ་བ་ཡིན་ནོ། །ཞེས་དང་། གཞི་བསྒྱུར་བའི་དོན་ནི་དེ་ཉིད་ལས། གཞིའི་ཆོས་འཁོར་བ་སྣོད་བཅུད་ཀྱི་འཇིག་རྟེན་སོགས་དེ་རྣམས་ཉིད་ལ་དམིགས་ནས་སྣང་ཆ་དེ་རྩ་བ་ནས་བཀག་པའི་སྣང་མེད་ཁོ་ན་ལ་མཐར་སྐྱེལ་བ་མི་བྱེད་དེ། ལྷ་སྐུ་དང་བདེ་ཆེན་ལ་སོགས་པ་གཞིའི་ཆོས་དེ་ཉིད་དང་རྣམ་པ་ཕྱེད་འདྲ་བ་ཙམ་དུ་བསྒྱུར་ནས། སྣང་བཅས་ཀྱི་ཡེ་ཤེས་དེ་ཉིད་བསྒོམས་པས། གཞིའི་གནས་ཚུལ་རྟོགས་པར་བྱེད་པ་ཡིན་ནོ། །ཞེས་འབྱུང་ངོ་། ། |
Domain | ཆོས་ལུགས། |
{{#arraymap:གཞི་བསྒྱུར་བའི་ལམ་
|; |@@@ | | }}